ཟླ་9པའི་ཚེས་10ཉིན། ཟླ་མཆོད་དུས་ཆེན་གྱི་བཀྲ་ཤིས་པའི་ཉིན་མོར། མཛོད་དགེ་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་མེན་དབྱང་ཉིང་སྐྱུར་བརྟག་དཔྱད་རུ་ཁག་ལ་སྐྱེལ་མ་བྱས།
རྔ་བ་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་ལྟར། མཛོད་དགེ་རྫོང་གིས་བསྟུད་མར་རེས་སྐོར་མང་པོའི་ཉིང་སྐྱུར་བརྟག་དཔྱད་བྱས་པས། ཉིང་སྐྱུར་བརྟག་དཔྱད་བྱེད་ཐེངས་མང་དུ་ཕྱིན་པ་རེད། གཞི་ཁྱོན་ཆེ་བའི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་དེ་ཕྱོགས་སོ་སོའི་སྟོབས་ཤུགས་དང་རོགས་སྐྱོར་དང་ཁ་བྲལ་ཐབས་མེད་དོ། །