སི་ཁྲོན་གྱི་རིམས་ནད་གནས་ཚུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-15        སྤྱི་ཟླ་9པའི་ཚེས་14ཉིན་གྱི་ཆུ་ཚོད་0ནས་24བར་གྱི་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར།

        ས་གནས་རང་ནས་གཏན་འཁེལ་ནད་པ་84གསར་དུ་འཕར་ཡོད་དེ། ཞིང་ཆེན་གཞན་ནས་ཕྱིར་སི་ཁྲོན་དུ་ལོག་མཁན་དག་གཅིག་བསྡུས་སྒོ་བཀག་ལོག་བཀར་བྱས་ཟིན་པའི་ནང་ནས་ནད་པ་15དང་། ཁྲེང་ཏུའུ་རུ་8དང་། ནེ་ཅང་ལ་26དང་། དབྱི་པིན་ལ་8བཅས་འཕར་ཡོད། དེ་ལས་ནད་པ་27ནི་སྔར་གྱི་ནད་རྟགས་མེད་པའི་ནད་པ་དེ་གཏན་འཁེལ་ནད་པ་རུ་གྱུར་བ་རེད།(ཁྲེང་ཏུའུ་ལ་7དང་། དབྱི་པིན་ལ་13དང་། ལུའུ་ཀྲོའུ་ལ་4དང་། རྔ་བ་ལ་2དང་། ནན་ཁྲང་ལ་1བཅས་འཕར་ཡོད)        ས་གནས་རང་ནས་ནད་རྟགས་མེད་པའི་ནད་པ་159གསར་དུ་འཕར་ཡོད་དེ། ཞིང་ཆེན་གཞན་ནས་ཕྱིར་སི་ཁྲོན་དུ་ལོག་མཁན་དག་གཅིག་བསྡུས་སྒོ་བཀག་ལོག་བཀར་བྱས་ཟིན་པའི་ནང་ནས་ནད་པ་16དང་། ཁྲེང་ཏུའུ་རུ་14དང་། ནེ་ཅང་ལ་99དང་། དབྱི་པིན་ལ་22དང་། ཏ་ཀྲོའུ་ལ་6དང་། མེན་དབྱང་ལ་1དང་། རྔ་བ་ལ་1བཅས་འཕར་ཡོད།

        ཕྱི་ནས་ནང་དུ་ཡོང་པའི་གཏན་འཁེལ་ནད་པ་4གསར་དུ་འཕར་ཡོད།(ཁྲེང་ཏུའུ་ནས་ཡིན)

        ཕྱི་ནས་ནང་དུ་ཡོང་བའི་ནད་རྟགས་མེད་པའི་ནད་པ་4གསར་དུ་འཕར་ཡོད།(ཁྲེང་ཏུའུ་ནས་ཡིན)

        དྲག་ནས་སྨན་ཁང་ནས་ཐོན་མཁན་62གསར་དུ་འཕར་ཡོད་ལ། དོགས་ཡོད་ནད་པ་དང་ཚེ་ལས་འདས་པའི་ནད་པ་གསར་དུ་འཕར་མེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1