རིམས་ནད་ཐོན་ཚུན། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་7དང་། དུས་རབས་གསར་པའི་ལག་ལེན་ས་ཚིགས་26 དང་བླངས་ཞབས་ཞུ་རུ་ཁག་286 དང་བླངས་པ་3700ཙམ་བཅས་ཀྱིས་འཕྲལ་མར་བཀའ་རྒྱ་དང་ལེན་ཞུས་ཏེ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་རིམས་འགོག་དྲིལ་བསྒྲགས་དང་། སྒྲིག་ལམ་སྲུང་སྐྱོང་། དངོས་ཟོག་འགན་ལེན། ཆ་འཕྲིན་ཐོ་འགོད། རིམས་འགོག་དུག་སེལ། ཞིང་པར་བཙས་མ་བརྔ་རོགས་སོགས་ཀྱི་ལས་དོན་ནང་ཞུགས་ནས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འཐབ་ས་དང་པོར་འབད་བཞིན་ཡོད་ཅིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུད་སྣ་ཤང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི་དང་བླངས་པས་མང་ཚོགས་ལ་གཟན་རྩྭ་བརྔ་རོགས་བྱེད་བཞིན་པ།