རྩེ་མདའ་ཡུལ་ཤོག་ཏུ་སྟོན་བསྡུའི་དུས་ལ་སླེབས་སྐབས། རྩེ་མདའ་ཡུལ་ཤོག་གིས་རིམས་ནད་འགོག་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་ཞོར་དུ་ཡུལ་ཤོག་དང་གྲོང་ཚོའི་རིམ་པ་གཉིས་ཀྱི་ཏང་མི་ལས་བྱེད་པ་དང་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་རིམས་འགོག་དང་སྟོན་བསྡུའི་ལས་དོན་གཉིས་གཅིག་གོ་གཉིས་ཆོད་བྱས་པ་དང་། ནུས་ཤུགས་ཡོད་རྒུས་འཕྲུལ་ཆས་ལས་དོན་དོན་འཁྱོལ་བྱས་ཏེ་སྟོན་བསྡུའི་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་བར་བྱས་ཡོད།
ཟླ9ཚེས9ཉིན་རྩེ་མདའ་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་གནམ་གཤིས་ཡག་པོའི་གོ་སྐབས་དམ་འཛིན་བྱས་ཏེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་འོགའབྲེལ་གཏུག་ཚན་པ་དང་རྫོང་གི་ཞིང་འབྲོག་དང་གྲོང་གསེབ་ཚན་རྩལ་ཅུས་ཀྱི་རོགས་རམ་འོག་སྟོན་བསྡུའི་ལས་དོན་ཤུགས་ཆེན་སྤེལ་ནས་རྟེན་གཞི་དང་། ཞིང་དུད། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི་ནས་ཀྱི་ཞིང་ལས་ཐོན་ལས་འབབ་འཕར་གྱིས་མང་ཚོགས་ལ་ཕན་པ་དངོས་ཐོབ་ཡོད།
ད་ཐེངས་ཀྱི་སྟོན་བསྡུའི་ནང་རྨོ་འདེབས་འཕྲུལ་འཁོར་འབྲིང་གྲས་ལྔ་དང་། འདྲུད་འཐེན་འཕྲུལ་འཁོར་ཆུང་གྲས15། ཏང་མི་ལས་བྱེད་པ་དང་དང་བླངས་པ100ལྷག་ཙམ་བཅས་ཡོད་པ་རེད།
རྩེ་མདའ་ཡུལ་ཤོག་གི་ནས་ནག་འདེབས་འཛུགས་རྟེན་གཞི་ཁྱོན་མུའུ120ཡོད་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ཐོན་ཚད་བསྡོམས་འབོར་རྒྱ་མ་ཁྲི3ནས4བར་ལ་ཟིན་པས་རྩེ་མདའ་ཡུལ་ཤོག་གི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་རེད།།
ཕྱིན་ཆད། ཞིང་ལས་ལས་དོན་ཡག་པོ་བསྒྲུབ་པ་དང་ཡུལ་སྡེ་དར་རྒྱས་གཏོང་བར་མུ་མཐུད་སྐུལ་འདེད་གཏོང་བ། རྩེ་མདའ་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་ནས་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏང་རྒྱུ། ནས་ནག་ཀྱི་ཐོན་ལས་འཕེལ་རྒྱས་གཏང་རྒྱུ། ནས་ནག་གི་ཐོན་རྫས་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱས་ནས་ཁྲོམ་རར་དྲིལ་བསྒྲགས་གཏོང་བ། ཞིང་ལས་ཡོ་ཆས་གསར་པ་མང་པོ་ཞིག་ཞིང་ལས་ཐོན་སྐྱེད་ནང་སྤྱད་ཐུབ་པར་བྱས་ནས་ཞིང་པའི་ཡོང་འབབ་བརྟན་པོ་ཡོང་བར་འགན་ལེན་བྱ་རྒྱུ་རེད།