མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལགཏེར་ལམ་རྫོང་པཎ་ཆེན་ཤངས་སྡེ་དགོན་པ་ནི་ཁོང་རང་བོད་ལྗོངས་དང་ཀྲུང་དབྱང་ལ་འགྲོ་བའི་ལམ་བར་གྱི་གཟིམ་ཤག་ཡིན། འཇའ་འགོག་སྐབས་སུ་གནས་འདིར་ཁོང་གིས་མང་ཚོགས་སྣེ་ཁྲིད་དེ་འཇའ་འགོག་ཐད་བྱས་རྗེས་མི་དམན་པ་བཞག་པར་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་ཕན་ཚུན་གློག་འཕྲིན་བཏང་ཏེ་ཞལ་དམ་ཡང་མཛད།ད་ལོའི་སྤྱི་ཟླ12 པའི་ནང་པཎ་ཆེན་ཤངས་སྡེ་དགོན་པ་འདི་འཆམ་མཐུན་དགོན་སྡེ་འཛུཊ་སྐྲུན་སྐབས་གཉིས་པའི་ཁྲོད་རྒྱལ་ཡོངས་ཀྱི་སྔོན་ཐོན་དགོན་སྡེ་ལྷ་ཁང་གི་མཚན་སྙན་སྤྲད།
ཉེ་ཆར།པཎ་ཆེན་ཤངས་སྡེ་དགོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་ལག་རྗེས་དག་རྒྱལ་ཁབ་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ ཁང་གི་<གཅིག་སེམས་གཅིག་མཐུན>ཞེས་པའི་དཔེ་དེབ་ཏུ་བཀོད་ཅིང་། དགོན་པ་སྐབས་གཉིས་པའི་འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་ཁྲོད་རྒྱལ་ཡོངས་ཀྱི་སྔོན་ཐོན་དགོན་སྡེ་ལྷ་ཁང་གི་མཚན་སྙན་སྤྲད།
པཎ་ཆེན་ཤངས་སྡེ་དགོན་པར་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེ་བའི་སྲོལ་རྒྱུན་གྱི་དུས་ཡུན་རིང་བའི་ལོ་རྒྱུས་ཡོད་ལ། འཇའ་འགོག་དམག་འཁྲུག་ལངས་རྗེས། སྐབས་དེར་ཤངས་སྡེ་དགོན་དུ་བཞུགས་པའི་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་དང་ས་གནས་མི་རིགས་ཀྱི་མདུན་ལམ་ལ་དོ་ཁུར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འཇའ་འགོག་ལས་དོན་ལ་རོགས་སྐྱོར་བྱེད་ཆེད། རང་ཉིད་ཀྱི་འགྲོ་གྲོན་དངུལ་ལོར་ལས་མ་དངུལ་སྒོར་སུམ་ཁྲི་ཡིས་འཇའ་འགོག་ལས་དོན་ཐད་ལ་ཞལ་འདེབས་ཕུལ་བ་མ་ཟད། ད་དུང་ཡང་སྒོར་ཁྲི་གཉིས་བླངས་ཏེ་གཞུང་བུན་ཉོ་རྒྱུ་ཁས་ལེན་བྱས། སྐབས་དེར་ཁོང་གིས་རང་དཔེ་གཞན་སྟོན་གྱི་རླབས་ཆེན་སྤྱོད་བཟང་འོག དགོན་པའི་བླ་གྲྭ་ཡོངས་ཀྱིས་ཟས་ཐུན་གཅིག་ཉུང་བཟའ་བྱེད་པ་དང་། གྱོན་པ་སྣ་གཅིག་ཉུང་གོན་བྱེད་པ། མི་རེ་རེའི་ཞལ་འདེབས་འབུལ་པ་དང་། མི་རེ་རེར་འཇའ་འགོག་གི་སྟོབས་ཤུགས་འབུལ་པའི་བྱ་འགུལ་སྤེལ་བས། ཀྲུང་ཧྭ་མི་རིགས་ཀྱི་འཇའ་འགོག་དམག་འཁྲུག་ལས་དོན་དང་། སྐབས་དེའི་མཚོ་སྔོན་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་འཇའ་འགོག་དམག་འཁྲུག་ལ་ནུས་བ་གལ་ཆེན་ཐོན། བཅིངས་གྲོལ་དུས་སྐབས་སུ། ཀུན་གཟིགས་པཎ་ཆེན་མཆོག་གིས་གུང་ཁྲན་ཏང་གིས་བྱེད་ཕྱོགས་ཀྱིས་དཀའ་སྡུག་མྱང་བའི་ཀྲུང་ཧྭ་མི་རིགས་བཅིངས་གྲོལ་གཏོང་བར་ཡིད་ཆེས་བཅིངས་ཤིང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཉིན་མོར། ཤངས་སྡེ་པཎ་ཆེན་གཟིམ་ཤག་ཏུ་མའོ་ཀྲུའུ་ཞི་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་ལ་ བཀྲ་ཤིས་གློག་འཕྲིན་བཏང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་རྟེན་འབྲེལ་ཞུས་ཤིང་། གྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་རྒྱུའི་བསམ་པ་བསྟན།
བཅར་ལན། སྐལ་བཟང་། པཎ་ཆེན་ཤངས་སྡེ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།
ཉེ་བའི་ལོ་འགའི་ཚུན་ལ། པཎ་ཆེན་ཤངས་སྡེ་དགོན་པ་སྙིང་རྗེའི་ལས་གཞིའི་རྣམ་གྲངས་གང་མང་ལ་ཧུར་ཐག་གིས་ཞུགས་པ་སྟེ།5.12ཟི་ཁྲོན་བུན་ཁྲོན་ས་འགུལ་དང་། 4.14ཡུའུ་ཧྲུའུ་ས་འགུལ་བྱུང་རྗེས། དགོན་པས་རང་འགུལ་སྒོས་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་དངོས་རྫས་བསྐྱེལ། དགོན་པའི་དོ་དམ་པ་ཨ་ཁུ་སྐལ་བཟང་ལགས་ཀྱིས་ཧུར་བརྩོན་ལ་བརྟེན་ནས། ད་ལྟ་དགོན་པ་རུ་སྙིང་རྗེ་སྨན་ཁང་བཙུགས་ཡོད་པ་དང་། སྨན་ཁང་གིས་འགྲོ་མིའི་ན་སྡུག་སེལ་རྒྱུའི་མིག་རྒྱང་རིང་དུ་འཕང་ནས་དོ་དམ་དང་ནད་བཅོས། ཞལ་འདེབས་ཕུལ་བ། སྨན་སྦྱིན་སོགས་གཏོང་བའི་བྱ་འགུལ་གང་མང་སྤེལ་ཞིང་། ཤངས་སྡེ་གྲོང་རྡལ་དངགཏེར་ལན་རྫོང་གི་མང་ཚོགས་ལ་ཕན་བདེ་དངོས་སྦྱིན་པར་ནད་པ་མང་ཚོགས་དང་གོང་རིམ་འགོ་ཁྲིད་ཀྱིས་ཁས་ལེན་དང་བསྟོད་བསྔགས་ཐོབ། ལྷག་པར་དུ་ན་ནིང་ལོ་མཇུག་ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཤངས་སྡེ་དགོན་པར་ཆེད་དུ་རྟོག་ཞིབ་ཏུ་ཕེབས་སྐབས། ཁོང་གིས་པཎ་ཆེན་ཤངས་སྡེ་དགོན་པ་མ་ཉམས་མ་འཇིག་པར་གནས་ཡོད་པའི་ཁར།ད་དུང་དགོན་པའི་འཛུགས་སྐྲུན་དང་དོ་དམ་ཐད་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་བཟང་རྒྱུན་བསྲིངས་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས་ཡོད་པར་ཁོང་རང་དགའ་སྤྲོ་སྐྱེས་ཤིང་།དགོན་པའི་བྱེད་ཕྱོགས་ལ་ཁས་ལེན་བྱས་ནས། དགོན་པ་དང་མང་ཚོགས། རྒྱལ་ཁབ་བཅས་ནི་ནམ་ཡང་འཆམ་མཐུན་མཉམ་གནས་བྱེད་དགོས་ལ། ཨུ་ཡོན་ཀྲང་པཎ་ཆེན་བཅུ་བ་མཆོག་གི་རླབས་ཆེན་མཛད་བཟང་ལ་སློབ་སྦྱོང་བྱས་ཏེ་རྒྱུད་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
བཅར་ལན། སྐལ་བཟང་། པཎ་ཆེན་ཤངས་སྡེ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།
པཎ་ཆེན་ཤངས་སྡེ་དགོན་པར་རྒྱལ་ཡོངས་ཀྱི་སྔོན་ཐོན་དགོན་སྡེ་་སོགས་ཀྱི་མཚན་སྙན་གནང་བ་འདིས། མཚོ་ནུབགཏེར་ལན་རྫོང་གི་མཚན་སྙན་གྲགས་ཇེ་ཆེར་གཏོང་བ་དང་། སློབ་གསོ་མི་སྣ་དང་དད་ལྡན་མང་ཚོགས། རྒྱ་ཆེའི་ན་ཆུང་གཞོན་ནུ་རྣམས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པ་རེད།