སི་ཁྲོན་ནས་ཤ་སྐམ་རྫུན་མ་བཟོ་མཁན་ཚོགས་པ་ཞིག་འཛིན་བཟུང་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-23



  

        ཉེ་ཆར། སི་ཁྲོན་ཀོང་ཨན་ལིན་ཧྲིའི་ཉེན་རྟོག་པས་མྱུལ་ཞིབ་བྱས་པ་བརྒྱུད་ཤ་སྐམ་རྫུན་མ་བཟོས་ཏེ་བཙོངས་མཁན་ཚོགས་པ་ཞིག་གི་མི་23འཛིན་བཟུང་བྱས་པ་རེད། 

 

         ཚོགས་པ་དེས་རིན་གོང་དམའ་བའི་ཆུ་བྱའི་ཤ་སྐམ་ཉོས་ཏེ་མི་ཐབས་ལ་བརྟེན་ནས་དུམ་བུར་གཏུབ་རྗེས་ནོར་ཤ་སྐམ་པོའི་ཕྱི་ཐུམ་(ཁུག་མ་རེ་ལ250g)དུ་བླུགས་ཏེ་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། ཕྱིར་ཚོང་བྱེད་ཚད་ལྟར་རྩིས་བརྒྱབ་ཚེ་ཟླ་རེར་སྒོར་བྱེ་བ་ལྷག་ཟིན་གྱི་ཡོད་པ་རེད།

 

         ལིན་ཧྲིའི་མཐའ་འཁོབ་ལུང་ཁུག་གི་གྲོང་ཚོ་ཞིག་ནས་རྫུན་བཟོ་རྫུན་ཚོང་བྱ་ཡུལ་ཞིག་རྩད་ཆོད་རྗེས། དེའི་གོང་གི་ཇུས་འགོད་པ་ཡང་མཉམ་དུ་རྩད་ཆོད་བྱུང་པ་རེད། གནས་ཚུལ་སྤེལ་བ་ལྟར་ན། ཚོགས་པ་དེར་ལས་བགོས་ཁ་གསལ་པོ་ཡོད་པ་སྟེ། ལ་ལས་བཙོག་དངུལ་གཙང་སྒྱུར་གྱི་འགན་ཁུར་གྱི་ཡོད་པ་དང་། ལ་ལས་རྩིས་ཐོ་བཟོ་བ། ལ་ལས་རྟོག་བཟོའི་ལག་ཁྱེར་ཁ་པར་ཨང་གྲངས་སྤྱད་ནས་སྐད་འཕྲིན་དང་གཏོང་སྤྲོད་ནོར་མཛོད་ཀྱི་རྩིས་ཨང་ཐོ་འགོད་བྱས་ནས་མ་དངུལ་བསྡོམས་རྩིས་རྒྱག་པ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད།

 

         ད་ཆ་ཁྲེང་ཏུའུ་རུ་གནས་པའི་ཐོན་སྐྱེད་བྱེད་གནས་གཞན་གཉིས་མེད་པར་བཟོས་ཡོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་1230ལྷག་ཙམ་དང་། ཚོགས་པའི་ཁེ་སྤོགས་སྒོར་ཁྲི་400ལྷག་ཙམ་ཟིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1