ཆབ་གཞོང་ཆུ་བཤལ་མ་བཏང་གོང་ཁ་གཅོད་བརྒྱག་དགོས་པ་དང་། དུས་རྒྱུན་དུ་སྒེའུ་ཁུང་ཕྱེ་བའམ་རླུང་ཆས་སྤྱད་དགོས་ཤིང་། དུས་བཀག་ལྟར་གསང་སྤྱོད་ལ་གཙང་སྦྲ་དང་དུག་སེལ་བྱ་དགོས།
གསང་སྤྱོད་ནི་ང་ཚོ་མི་ཚང་མས་ཉིན་ལྟར་བེད་སྤྱོད་བྱ་དགོས་པའི་རྨང་གཞིའི་སྒྲིག་ཆས་ཤིག་ཡིན་པས། ཁྱིམ་ཚང་ཚང་མར་འབྲེལ་བ་དམ་ཟབ་ཡོད། གསང་སྤྱོད་གཙང་མ་ཞིག་བེད་སྤྱོད་བྱ་རྒྱུ་ནི་དེང་རབས་ཤེས་དཔལ་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།
གསང་སྤྱོད་སྤྱད་ཚར་རྗེས་ལག་པ་ངེས་པར་དུ་བཀྲུ་དགོས་ལ། ཟ་མ་མ་ཟས་གོང་དང་ཟས་རྗེས་ཀྱང་ལག་པ་བཀྲུ་དགོས།
ཁྱིམ་ཚང་གི་གསང་སྤྱོད་སྐམ་ཤས་ཆེ་བ་དང་གཙང་སྦྲ་དོད་པ་རྒྱུན་འཁྱོངས་བྱ་དགོས་ལ། ཆུ་བཤལ་ཡང་སེ་གཏང་དགོས་ཤིང་། གསང་སྤྱོད་ནང་གི་ཅ་དངོས་སོགས་ཡང་སེ་ཕྱི་བདར་རམ་བཀྲུ་དགོས།
གསང་སྤྱོད་ཀྱི་སྒེའུ་ཁུང་ཉིན་ལྟར་ཐེངས་གཉིས་ནས་གསུམ་བར་ཕྱེ་ནས་རླུང་རྒྱུག་ཐུབ་པར་བྱ་དགོས། སྒེའུ་ཁུང་མེད་པའི་གསང་སྤྱོད་ཡིན་ཚེ་རླུང་ཆས་སྒྲིག་སྦྱོར་བྱ་དགོས་པར་མ་ཟད། ཉིན་ལྟར་བེད་སྤྱོད་བྱ་དགོས།
བཙོག་གཅིན་བཏང་རྗེས་ཆུ་བཤལ་བཏང་ནས་གཙང་སྦྲ་དོད་པོ་ཡོང་བར་བྱེད་པ་ནི་བཙོག་གཅིན་ཕྱིར་དོན་ནས་དྲི་མ་ངན་པོ་དང་སྦྲང་མ་འཁོར་བར་སྔོན་འགོག་བྱེད་པའི་ཐབས་ལམ་གཙོ་བོ་དེ་ཡིན།
ཆུ་བཤལ་གཏོང་སྐབས་སྔོན་ལ་ཆབ་གཞོང་གི་ཁ་གཅོད་བརྒྱག་དགོས་པར་མ་ཟད། ལག་པ་གཙང་མ་བཀྲུ་དགོས།
གཙང་སྦྲ་བྱེད་པའི་ཡོ་ཆས་གྲལ་སྒྲིག་པོར་བཞག་ནས་གསང་སྤྱོད་ཀྱི་གཙང་སྦྲ་དོད་པོ་ཡོང་བར་བྱ་དགོས།
སོ་འཁྲུད་དང་། ཨ་ཅོར་སོགས་ཆབ་གཞོང་དང་ཐག་རིང་སར་བཞག་ནས་བཙོག་པ་མི་ཤོར་བར་བྱ་དགོས།
བེད་སྤྱོད་བྱས་ཚར་པའི་འཕྲོད་བསྟེན་མཁོ་ཆས་བསྡུ་རུབ་བྱས་ནས་གཅིག་བསྡུས་ཐོག་ཐག་གཅོད་བྱ་དགོས།
དངོས་པོའི་ངོས་ཏེ། གསང་སྤྱོད་ཀྱི་སྒོའི་ལག་འཇུ་དང་། ལག་འཁྲུད་གཞོང་པའི་ངོས། ཆུ་ཀ་ལའི་མགོ ཆབ་གཞོང་གི་མཐེབ་གཞོང་སོགས་རྟག་ཏུ་རེག་པའི་དངོས་པོའི་ངོས་ལ་ཧའོ་ཧྲེང་༢༥༠འམ་༥༠༠ཡོད་པའི་ཁིལ་ལྡན་དུག་སེལ་ཆུས་ཕྱི་བདར་རམ་གཏོར་ནས་དངོས་པོའི་ངོས་རློན་པ་ཆག་པར་བྱ་དགོས་པ་དང་། སྐར་མ་༣༠སོང་རྗེས་ཆུ་གཙང་མས་ཆུ་བཤལ་གཏང་དགོས། རུལ་བསླད་མི་ཐེབས་པའི་དངོས་པོར་ཨང་རག་ཉིང་ཁུ་བརྒྱ་ཆའི་༧༥ལྡན་པའི་དུག་སེལ་ཆུས་དུག་སེལ་བྱ་དགོས།
ས་ངོས། ཧའོ་ཧྲེང་༢༥༠འམ་༥༠༠ཡོད་པའི་ཁིལ་ལྡན་དུག་སེལ་ཆུས་ཕྱི་བདར་བྱ་དགོས་པ་དང་། སྐར་མ་༣༠རྗེས་ཆུ་གཙང་མས་ཆུ་བཤལ་གཏང་དགོས།
བཙོག་ཆུ་འགྲོ་ས། བཙོག་ཆུ་བཤངས་ས་བེད་སྤྱོད་བྱ་དགོས་མེད་ན་ཁ་གཅོད་བརྒྱག་དགོས་པ་དང་། གཟའ་འཁོར་རེར་ཆུ་གཙང་མ་ཧའོ་ཧྲེང་༥༠༠ཙམ་བཙོག་ཆུ་འགྲོ་སར་ལྡུག་དགོས་པ་དང་། དེའི་རྗེས་ཁིལ་ལྡན་དུག་སེལ་ཆུ་ཧའོ་༡༠ལྡུག་དགོས། སྐར་མ་༣༠རྗེས་སླར་ཡང་ཆུ་གཙང་མ་ཕོར་པ་གང་ལྡུག་དགོས།
འཕྲོད་བསྟེན་སྤྱོད་ཁང་སྤྱོད་དོན་གང་ཡིན།
བཙོག་གཅིན་ནང་མིའི་གཟུགས་པོར་གནོད་པའི་ནད་གཞི་མང་པོ་ཡོད་པས་༼དཔེར་པ་ནད་འབུ་དང་། ནད་དུག གཞན་བརྟེན་སྲིན་འབུ་སོགས༽ འཕྲོད་བསྟེན་སྤྱོད་ཁང་བེད་སྤྱོད་བྱ་རྒྱུ་ནི་འབྲེལ་ཡོད་ནད་གཞི་དང་གཞན་བརྟེན་སྲིན་འབུའི་ནད་སོགས་འབྱུང་རྩ་ནས་ཚོད་འཛིན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན།
གསང་སྤྱོད་ལ་ཕྱིན་རྗེས་ལག་པ་བཀྲུ་དགོས་དོན་གང་ཡིན།
བཙོག་གཅིན་ནང་ནད་སློང་སྐྱེ་དངོས་ཕྲ་རབ་ཡོད་པས། བཙོག་གཅིན་བཏང་ཚར་རྗེས་ལག་པ་བཀྲུས་ན་མིའི་ལུས་པོར་རིམས་ནད་འགོས་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ། ཡང་དག་པའི་ལག་འཁྲུད་སྟངས་ཁོངས་སུ་ཆུད་པར་བྱས་ནས། ལག་པ་ཡང་སེ་འཁྲུད་བའི་གོམས་གཤིས་འཇགས་པར་བྱ་རྒྱུ་ནི་འབྲེལ་འདྲིས་རང་བཞིན་གྱི་རིམས་ནད་སྔོན་འགོག་བྱེད་པའི་ནུས་ལྡན་ཐབས་ལམ་ཞིག་ཡིན།