སི་ཁྲོན་ཙི་དབྱང་ནས་སྒོར་དུང་ཕྱུར2.3ཟིན་པའི་གྱོད་ཅིག་རྩད་ཆོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-28


 


ཁྲེང་ཏུའི་ཚོང་ཁང་ཞིག་ཏུ་དུ་བརྟག་དཔྱད་བྱེད་བཞིན་པ། 

           ཟླ9པའི་ཚེས25ཉིན།  སི་ཁྲོན་ཙི་དབྱང་ཉེན་རྟོག་ཕྱོགས་ཀྱིས།  ཟླ་བ་གཉིས་ལྷག་ཙམ་རིང་མྱུལ་ཞིབ་བྱས་པ་བརྒྱུད་པེ་ཅིང་དང་།  ཧོ་པེ།  ཧྲན་ཏུང་།  སི་ཁྲོན་བཅས་ཞིང་ཆེན(གྲོང་ཁྱེར)4ཡི་གྲོང་ཁྱེར(རྫོང་དང་ཆུས)8དུ་བསྐྱོད་དེ་མྱུལ་ཞིབ་ཞིབ་ཚགས་བྱས་པས་སི་ཁྲོན་ཞིང་ཆེན་གྱི་དཔར་དབང་རྐུ་སྤྱོད་ཀྱི“རྩོམ་དབང་ལ་བཙན་གནོད་བཏང་བའི”གྱོད་གཞི་རབ་དང་རིམ་པ་གྲུབ་འབྲས་ཐོབ་པའི་ངང་རྩད་ཆོད་པ་དང་།  ཉེས་གསོག་དོགས་ཅན21འཛིན་བཟུང་བྱས།  པར་གཞི་རྐུ་སྤྱོད་ཀྱི་དཔེ་དེབ་དཔར་རྒྱག་ཁང་དང་།  མཛོད་ཉར་ཁང་།  ཚོང་ཁང་སོགས་ནག་ཚང20ལྷག་ཙམ་དང་གྱོད་གཞི་དང་འབྲེལ་བའི་དཔེ་དེབ་ཁྲི600ལྷག་ཙམ་མེད་པ་བཟོས་ཡོད།  ད་དུང་ས་གནས་ས་ཐོག་ནས་རིགས་ཁག་གི་དཔར་དབང་རྐུ་སྤྱོད་བྱས་པའི་དཔེ་དེབ་ཁྲི240ལྷག་ཙམ་ཞིབ་བཤེར་བཀག་ཉར་བྱས་པ་དེའི་ནང་སི་ཁྲོན་ལོ་ཆུང་བྱིས་པའི་དཔེ་སྐྲུན་ཁང་གི་དཔར་དབང་རྐུ་སྤྱོད་བྱས་པའི“སྨི་ཞའོ་ཆོན”རིགས་འབྲེལ་གྱི་བྱིས་པའི་དཔེ་དེབ་ཁྲི30ལྷག་ཙམ་དང་དཔེ་དེབ་བཞི་སྟོང་ལྷག་ཙམ་ཡོད།  གནོད་འཚེ་ཕོག་མཁན་དཔེ་སྐྲུན་ཁང242ལྷག་ཟིན་པ་དང་།  གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར2.3ཟིན་ཡོད།  

 

དོགས་ཡོད་ཉེས་ཅན་ལ་འདྲི་རྩད་བྱེད་བཞིན་པ། 

          2022ལོའི་ཟླ5པར།  ཙི་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་བཟའ་བཅའ་དང་སྨན་རྫས་ཁོར་ཡུག་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ལས་སྒྲུབ་བྱེད་རིང་ཁུངས་སྣེ་རྙེད་པ་དང་།  ཐོག་མའི་ཞིབ་བཤེར་བྱས་ནས་གྱོད་དོན་ཐོ་འགོད་བྱས་རྗེས་ཙི་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་དོ་དམ་ཁོངས་གཏོགས་གཏན་འཁེལ་བྱས་པ་བརྒྱུད།  ཨན་གཡོད་རྫོང་སྤྱི་བདེ་ཅུས་བཟའ་བཅའ་དང་སྨན་རྫས་ཁོར་ཡུག་མྱུལ་ཞིབ་རུ་ཆེན་གྱིས་གོང་གསལ་གྱི་གྱོད་གཞི་ཁ་ཤས་ལ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས་པ་རེད།

          ཙི་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་གྱོད་གཞི་དེར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་།ཙི་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་གཙོ་བོས་འགོ་ཁྲིད་པ་དང་།  གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བཟས་བཅའ་དང་སྨན་རྫས་ཁོར་ཡུག་མྱུལ་ཞིབ་ཀྱི་ཉེན་རྟོག་པ་སྐོང་འཐེན་བྱས་ནས་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ཏེ་ནུས་ཤུགས་ཡོད་རྒུས་བརྟག་དཔྱད་བྱས་པ་རེད།  ལས་དོན་འབོར་ཆེན་སྤེལ་བ་བརྒྱུད།  ཉེས་གསོག་ཚོགས་པའི་མི་སྣའི་གྲུབ་ཆ་དང་འབྲེལ་བའི་ཆ་འཕྲིན་སོགས་ཁ་གསལ་བཟོ་ཐུབ་པ་དང་།  རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་པའི“དཔར་དབང་རྐུ་སྤྱོད་ཀྱིས་པར་འདེབས་དང་།  མཛོད་དུ་ཉར་ཚགས།  སྡེབ་ཚོང་།  རིམ་ཆུང་ངང་སྡེབ་ཚོང་།  སིལ་ཚོང་དྲ་ཚིགས”བཅས་རིམ་པ་བཞིའི་དཔར་དབང་རྐུ་སྤྱོད་དང་།  སྐྱེལ་འདྲེན།  ཕྱིར་ཚོང་བཅས་ཀྱི་དཔེ་དེབ་ཀྱི་དཔར་དབང་རྐུ་སྤྱོད་ཀྱི་ཉེས་གསོག་ཚོགས་པ་རིམ་བཞིན་རྩད་ཆོད་ཐུབ་ཡོད།  ཟླ8པའི་ཚེས9ཉིན།  ཕྱོགས་ཡོངས་ནས་བསམ་གཞིག་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད།  གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ120ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་བྱ་སྤྱོད་ཚོགས་ཆུང20བཙུགས་པ་དང་།  ས་གནས་ཁག་ཏུ་མཉམ་དུ་བསྐྱོད་དེ་གཅིག་འགྱུར་བྱ་སྤྱོད་སྤེལ་བས་གྱོད་གཞི་དེའི་དམིགས་ཚད་གཙོ་བོའི་ཉེས་གསོག་དོགས་ཅན་ཚང་མ་འཛིན་བཟུང་ཐུབ་པ་རེད།

 

ཉེས་གསོག་དོགས་ཅན་གྱིས་ཁྲེང་ཏུར་དཔེ་དབང་ལ་བཙན་གནོད་བཏང་བའི་དཔེ་དེབ་མཛོད་ཁང་དུ་འཇུག་བཞིན་པ། 

          བརྟག་དཔྱད་བྱས་པ་བརྒྱུད།ཉེས་གསོག་དོགས་ཅན་ཚའོ་ཆེ་གེ་མོས2018ལོ་ནས་བཟུང་རང་ཉིད་ཀྱིས་ཤོག་བུ་དང་སྤྱིན་ཆུ་སོགས་མ་བཅོས་རྒྱུ་ཆ་ཉོས་པ་དང་།  ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་དང་ཡུས་ཆེ་གེ་མོ་སོགས་ཀྱིས་ཁག་སོ་སོར་པར་སྐྲུན་དང་།  དེབ་འཚེམ་རྒྱགའགྱིག་ཤོག་གིས་གཡོགས་པ་སོགས་ཀྱི་བརྒྱུད་རིམ་ཁག་འགན་ཁུར་གྱི་ཡོད།  ཁོང་ཚོས་ཧོ་པེ་ཞིང་ཆེན་སན་ཧོ་གྲོང་ཁྱེར་དུ་ཆེད་མངགས་པར་རྒྱག་ལས་དོན་ཚད་ཡོད་ཀུང་སི་གཉིས་ཐོ་འགོད་བྱས་ནས་མི་རྣམས་ལ་མགོ་སྐོར་གཏོང་གི་ཡོད།  ཉེས་གསོག་དོགས་ཅན་ཚའོ་ཆེ་གེ་མོ(ཚའོ་ག་གེ་མོའི་བུ་མོ)དང་།  ཏིང་ཆེ་གེ་མོས(ཚའོ་ཆེ་གེ་མོའི་བུ་མོའི་མག་པ)པེ་ཅིང་གི་དཔེ་དེབ་སྡེབ་ཚོང་གྲོང་ཞིག་ཏུ་བོགས་གཏོང་ཚོང་ཁང་ཡིག་གཡར་ནས།  དཔར་དབང་རྐུ་སྤྱོད་ཀྱིས་པར་སྐྲུན་བྱས་པའི་དཔེ་དེབ་དག་མྱུར་སྐྱེལ་ཟོག་འགྲེམས་བྱེད་སྟངས་ཐོག་ནས་སི་ཁྲོན་དང་།  ཧོ་པེ།  ཧྲན་ཏུང་།  པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར10ལྷག་ཙམ་ལ་སྡེབ་ཚོང་བྱས་པ་དང་།  དེ་ནས་རིམ་པ་ཁག་དང་ཡན་ལག་བྲིན་ཚོང་ཁྲོམ་ར་ནས་ཕྱིར་ཚོང་མཐའ་སྣེ་ཁག་ལ་བསྐུར་གྱི་ཡོད།  ཁྲིམས་ལས་་གཡོལ་ཆེད།  ཁོང་ཚོས་མི་གཞན་གྱི་ཐོབ་ཐང་ཆ་འཕྲིན་རྫུས་མ་སྤྱད་པ་དང་།  གཏན་འཇགས་མཛོད་ཁང་མེད་པ།  བྲིན་ཚོང་ཐབས་ལམ་དང་།  མཇུག་རྩིས་རྒྱག་སྟངས།  འབྲེལ་གཏུག་བྱེད་སྟངས་སོགས་ཐེངས་མང་བརྗེ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཉེས་གསོག་བྱེད་སྤྱོད་སྤེལ་གྱི་ཡོད།

          མིག་སྔར་དོགས་ཡོད་ཉེས་ཅན21འཛིན་བཟུང་བྱས་པ་དང་གྱོད་དོན་ཐོ་འགོད་བྱས་རྗེས་ཉེས་གསོག་དོགས་ཅན་སོ་སོས་ཉེས་གསོག་དོན་དངོས་ཇི་བཞིན་རང་ཉེས་ངོས་ལེན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1