ཟླ་9ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་26ཉིན་ཨུ་རུ་སུའི་ཝུའུ་ཏེ་མུའུ་ཨེར་ཐེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་དབྱི་རེ་ཧྥུ་སི་ཁེ་རུ་སློབ་གྲྭའི་མེ་མདའི་གྱོད་དོན་ཞིག་བྱུང་ནས། ཉུང་མཐར་ཡང་མི་17རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་སློབ་མ་11ཚུད་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
ཝང་ཝུན་པིན་གྱིས་བཤད་དོན། ང་ཚོས་འབྲེལ་ཡོད་ཀྱི་གནས་ཚུལ་ལ་དོ་སྣང་བྱས་ཡོད། ང་ཚོས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་སྐྱོན་ཕོག་མཁན་རྣམས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།