༄༅།།དགའ་ལྡན་ལྔ་མཆོད་ཀྱི་ཞོགས་པར་བྲིས་པ།

ནག་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-30




 མདང་ནུབ་བྲིས་པའི་རྟ་ཕོ་དེ

 འཚེར་སྐད་ལྷང་ལྷང་ངང་ཁྱོད་ཀྱི་རྨི་ལམ་དུ་མངོན

 སྤང་ཐང་དང་གཙང་ཆུ དེའི་འགྲམ་གྱི་སྦྲ་ནག་སོགས་ཀྱང

 འཕྲོ་རིམ་འཕྲོར་རྨི་ལམ་དུ་མངོན

 ལན་རེར གློ་ལུ་ཐེངས་འགའ་བྱེད་པའི་ང་དང

 ཁྱིམ་ལས་ཙག་ཙིག་ལ་བྲེལ་བའི་ཁྱེད་ཀྱི་ཨ་མའང

 རྨི་ལམ་དུ་མངོན་ཡོང

 དེ་ནས རྒྱུ་སྐར་བྱེ་བའི་དབུས་ཀྱི

 ཟླ་བའང་རྨི་ལམ་དུ་མངོན མཚན་མོའི་གླུ་སྐད་དང

 དགོད་བྲོ་བའི་གཏམ་གླེང་སོགས་ཀྱང་ཕྲེང་བ་འདྲེན་པ་བཞིན

 རྨི་ལམ་དུ་མངོན

 ཞོགས་པར ཁྱོད་ཀྱིས་སྣང་སྟོང་དབྱེར་མེད་ཀྱི་འཇིག་རྟེན་དེ

 ཇི་མ་ཇི་བཞིན་དུ་བཤད་པས

 གཟུང་དུ་མེད་པའི་རྨི་ལམ་དེ་དག་ལ

 སེམས་གཏིང་ནས་བཀའ་དྲིན་ཞུ་དགོས་བྱུང

 བུ་མོ་སེམས་སྐྱིད་ཡོང་ན མནལ་ལམ་གྱི་འཁྲུལ་སྣང་ཤོང་བའི

 སྤྱིལ་བུ་ང་ཡིས་བཟོ


 2022/5/24


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1