ཉེ་ཆར། སུའེ་ཏེན་རྩོམ་རིག་སློབ་གླིང་གིས་2022ལོའི་ནོ་བྷེར་རྩོམ་རིག་བྱ་དགའ་དེ་ཧྥ་རན་སེའི་བུད་མེད་རྩོམ་པ་པོ་ཨན་ཉི· ཨེར་ནུའོ་ལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སུའེ་ཏེན་རྩོམ་རིག་སློབ་གླིང་གི་རྒྱུན་ལས་དྲུང་ཡིག་མཱ་ཚེ·མའར་མུའུ་ཡིས། དེ་ཉིན་སི་ཐོག་ཁོར་མོ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བྱ་དགའ་ཐོབ་མཁན་ཁྱབ་བསྒྲགས་བྱེད་སྐབས། ཨེར་ནུའོ་ལ་རྩོམ་རིག་གསར་རྩོམ་གྱི“བློ་སྟོབས་དང་ཚོར་བ་སྐྱེན་པོ”ཡོད་པས་བྱ་དགའ་ཐོབ་ཡོད་ཅེས་བཤད་པ་རེད།
སུའེ་ཏེན་རྩོམ་རིག་སློབ་གླིང་གིས་ཉིན་དེར་ཡོངས་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ནང་། ཨེར་ནུའོ་ཡིས་བློ་སྟོབས་དང་ནད་ཐོག་སྨན་བཅོས་སྨན་པ་ལྟ་བུའི་ཤེས་ཚོར་རྣོན་པོས་མི་སྒེར་གྱི་དྲན་ཤེས་ཀྱི་འབྱུང་རྩ་དང་། འགལ་ཟླ། ཚོགས་པ་སྤྱིའི་གཅུན་འདོམས་བཅས་གསལ་སྟོན་བྱས་ཡོད། རྩོམ་འབྲི་སྐབས་ཁོང་མོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མི་འདྲ་བའི་ངོས་ནས་ཕོ་མོ་དང་། སྐད་ཆ། གྲལ་རིམ་བཅས་ཐད་ཀྱི་ཧེ་བག་ཧ་ཅང་ཆེན་པོ་ཡོད་པའི་འཚོ་བར་ཞིབ་ལྟ་བྱེད་ཀྱི་ཡོད། ཁོང་གི་གསར་རྩོམ་གྱི་ལམ་བུ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བ་ཞིག་རེད་ཅེས་འཁོད་ཡོད།
མའར་མུའུ་ཡིས་ཨེར་ནུའོ་དང་ཁ་པར་ཐོག་ནས་འབྲེལ་བ་བྱེད་མ་ཐུབ་པས་བློ་ཕམ་ཆེན་པོ་སྐྱེས་བྱུང་ཞེས་བཤད།
ཨེར་ནུའོ་ནི་1940ལོར་ཧྥ་རན་སི་རུ་སྐྱེས་པ་དང་། དེང་རབས་ཧྥ་རན་སེའི་རྩོམ་རིག་གི་སྡིངས་ཆར་སྙན་གྲགས་ཡོད་པའི་བུད་མེད་རྩོམ་པ་པོའི་གྲས་ཤིག་རེད། བརྩམས་ཆོས་མང་པོ་པར་སྐྲུན་བྱས་ཡོད་ལ། མཚོན་བྱེད་བརྩམས་ཆོས་ལ《རྒྱང་རིང་གི་ལོ་ཟླ》སོགས་ཡོད།