༄༅། །ཞོ་འབྲས་དང་སྤགས་གཡོ་སྟངས་སྐོར་གྱི་ཤེས་བྱ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། 04-03


ཞོ་འབྲས། 
        འབྲས་བཙོས་ཏེ་དཀར་ཡོལ་ནང་བླུགས་ཐོག་ཞོ་དང་བྱེ་མ་ཀ་ར་བླུག་རྒྱུ།དེ་རྗེས་མར་བཞུར་ནས་ཚ་གྲང་སྙོམས་པོ་བྱུང་མཚམས་ལ་ཞོ་འབྲས་ཐོག་བླུགས་ནས་དཀྲུག་དཀྲུག་གཏོང་རྒྱུ། 
སྤགས་གཡོ་སྟངས།   རྩམ་པ་ནི་ང་ཚོ་བོད་གངས་ཅན་པའི་ཕ་ཟས་ངོ་མ་དེ་ཡིན་ལ།རྩམ་པས་བོད་མི་རྣམས་མི་རབས་ནས་མི་རབས་བར་བརྐྱངས་པས་བོད་པ་ཞིག་ཡིན་དུས་རྩམ་པ་མི་ཟ་མཁན་མེད་པས་ང་ཚོ་ལ་མགོ་ནག་རྩམ་ཟན་ཡང་ཐོགས་ཡོད།འདས་པའི་ལོ་ངོ་མང་པོའི་རིང་བོད་ཡུལ་དུ་རྐྱེན་གྱི་དབང་གིས་ཡུལ་སྲོལ་ལ་འགྱུར་བ་ཆེན་པོ་བྱུང་ནས་རྩམ་པ་བཟའ་བར་མི་དགའ་བའི་སྲོལ་ངན་པ་ཞིག་ཆགས་ཡོད།ཚན་རིག་མཁས་པ་གང་མང་ཞིག་གིས་རྩམ་པ་ལ་ཟས་རིགས་གཞན་ལ་མེད་པའི་ལུས་སྟོབས་ཡར་བསྐྱེད་དང་།ནད་རིགས་འགོག་ཐབས་ཀྱི་གསོ་བྱེད་ནུས་པ་དམིགས་བསལ་བ་ཡོད་པ་ར་སྤྲོད་བྱས་ཡོད།ཡིན་ནའང་དེང་རབས་བོད་རིགས་གཞོན་སྐྱེས་མང་པོས་རང་མི་རིགས་ཀྱི་ཕ་མེས་རྒྱུན་ཟས་སྦྲང་དཀར་རྩམ་པ་འདི་བཟའ་བར་དགའ་པོ་མི་བྱེད་ལ་གལ་སྲིད་རྩམ་པ་ཅུང་ཙམ་བཟས་པ་འདི་ཡང་མི་གཞན་གྱི་ཤེས་པའམ་རང་ཉིད་ཀྱི་ཁ་ངོ་ལ་རྩམ་པ་བཟས་པའི་ཤུལ་ཙམ་ཡོད་ནའང་འདི་ནི་ངོ་ཚ་དགོས་པའི་དོན་ལ་བརྩི་བ་སོགས་ཀྱི་མདོ་མེད་བྱབ་ཆུང་བྱེད་སྟངས་འདི་འདྲས་གདོང་དམར་བོད་པའི་ཞབས་འདྲེན་མང་པོ་ཞུས་ཡོད།འདི་ལྟ་བུའི་རང་རིགས་རིག་གནས་ལ་རང་རིགས་ནང་ཁུལ་མིས་རྒྱུད་འཛིན་གྱིས་འཕེལ་རྒྱས་གཏོང་རྒྱུ་ཕར་གཞོག་གཏོར་བརླག་ཁོ་ན་བྱེད་པ་ལ་སྙིང་ན་ཆེ་བར་འདུག་ལ་སེམས་འཁྲལ་ཡང་ཆེ་བར་འདུགདེའི་རྐྱེན་གྱིས་བོད་པའི་རིག་གནས་འདི་ཆུང་ས་སྤགས་གཡོ་སྟངས་ནས་འགོ་བཙུགས་ཏེ་རིམ་གྱིས་བཅུ་ཕྲག་རིག་གནས་ལ་སྦྱངས་པ་བྱས་ན་འདི་ནི་མི་རིགས་འདི་ལ་གདུང་བ་དང་ཤ་ཚ་བ་ཡིན་པར་འཁུམས། གལ་སྲིད་བོད་པ་ནང་ཁུལ་དུ་ནང་འཛིང་བྱེད་ལ་དགའ་བ།ཕུ་ནུ་དཀྲུགས་པའི་མཚོན་ཆ་འདོགས་རྒྱུར་དགའ་བ།ཁ་སྟོང་པའི་མི་རིགས་ལ་ཤ་ཞེན་ཡོད་ཁུལ་བྱེད་པར་དགའ་བ།ཁྱི་ལྡུམ་ངར་དང་འདྲ་བའི་ལག་མགོ་བསྒྲེངས་བ་སོགས་རྨོངས་པའི་ལས་འདི་འདྲ་བྱས་ན་མི་རིགས་འདི་ཡར་རྒྱས་གོམ་པ་ནི་དེ་བས་ཀྱང་དཀའ་བོ། འདི་ན་ཁྱོད་མི་རིགས་འདི་ལ་དགའ་ན།མི་རིགས་འདིའི་རིག་གནས་སྦྱོངས་དང་།མི་རིགས་འདིའི་རང་གཤིས་བཟང་པོའི་རྒྱུན་སྐྱངས་དང་།མི་རིགས་འདིའི་སྲོལ་བཟང་རྒྱུད་འཛིན་བྱེད་དང་། འདི་ལས་ལྷག་པའི་དྲིན་ལན་མེད། གཤམ་ལ་སྤགས་གཡོ་བའི་བརྒྱུད་རིམ་མདོ་ཙམ་གླེང་རྒྱུ་ཡིན། སྤགས་གཡོ་སའི་སྣོད་མི་འདྲ་བར་གཉིས་འདི་སྤགས་ཕོར་དང་ཐང་ཁུག་གཉིས་སོ།

༼དང་པོ༽ སྤགས་ཕོར་ནང་སྤགས་གཡོ་བའི་གོ་རིམ་མདོར་ཙམ་བརྗོད། ༡ སྤགས་ཕོར་ནང་སྤགས་གཡོ་དུས་སྔོན་ལ་ཚད་རན་གྱི་སྤགས་ཁུ་ཇ་འམ་ཕྱུར་ཁུ་བླུགས་དགོས་དེ་རྗེས་སྤགས་ཁུ་དང་འཚམས་པའི་རྩམ་པ་བླུགས་དགོས་དེ་རྗེས་གུང་མཛུབ་སྣེ་མོ་ཅུང་ཙམ་འགུག་ནས་བྱ་ཕོའི་མཆུ་ཏོའི་བཟོ་ལྟ་འདྲ་བ་བཟོས་ནས་རྩམ་པ་དང་སྤགས་ཁུ་གཉིས་ཐོག་མའི་འདྲེས་སྦྱོར་འགོ་བཙུགས་དགོས།འདི་ལ་གཏམ་དཔེ་ལ་བྱ་ཕོའི་མཆུ་ཏོག་ཞེས་པའི་ཟེར་སྲོལ་ཡོད། ༢ འདི་ནས་ལག་གཡོན་པས་སྤགས་ཕོར་གཡས་སུ་བསྐོར་བ་དང་ལག་གཡས་པའི་མཛུབ་མོ་དང་གུང་མཛུབ་གཉིས་སྤགས་ཕོར་ནང་དུ་ཕྱོགས་ནས་རྩམ་པ་དང་སྤགས་ཁུ་གཉིས་མུ་མཐུད་འདྲེས་སྦྱོར་བྱ་རྒྱུ།སྲིན་མཛུབ་ཕོར་པའི་ཁ་ནས་སྐོར་དགོས་པ་ཐེབ་ཆུང་སྤགས་ཕོར་ཕྱི་ངོས་སུ་འཇོག་པ་འདི་གཉིས་སྤགས་གཡོ་བའི་རྒྱུད་རིམ་ནང་རྩམ་པ་ཕྱི་ངོས་སུ་མི་ཐོན་པའི་འགན་ལེན་བྱེད་པ་དང་འདྲའོ།འདི་གཏམ་དཔེ་ལའང་གཡས་སྐོར་གཡས་སྐོར་ཞེས་པའི་ཟེར་སྲོལ་ཡོད། ༣ དེ་རྗེས་ལག་གཡོན་པས་སྤགས་ཕོར་འཇུ་བ་དང་ལག་གཡས་པའི་མཛུབ་མོ་ཚང་མ་སྤགས་ཕོར་ནང་དུ་ཕྱོགས་ནས་ཤུགས་ཅུང་ཙམ་རྒྱབ་ནས་སྤགས་ཡག་མོ་རུས་རྗེས་ཨར་ཏིས་ཀྱི་མཇུག་སམ་ཡང་ན་འོག་འདི་སྔོན་ལ་ཁ་ནང་དུ་བཅུག་དགོས།བཅངས་བའི་ཨར་ཏིས་ལ་རང་ཉིད་ཀྱི་མཛུབ་མོ་ལྔའི་པར་རྗེས་གསལ་བར་ཐོན་པ་དགོས།དེ་ལ་གཏམ་དཔེར་ཡང་ཨམ་གཙིགས་བསྡམས་ཨམ་གཙིགས་བསྡམས་ཞེས་ཟེར་སྲོལ་ཡོད།

 

༼གཉིས་པ༽ ཐང་ཁུག་ནང་སྤགས་གཡོ་བའི་གོ་རིམ་མདོར་ཙམ་བརྗོད།། ཐང་ཁུག་ནང་སྤགས་གཡོ་དུས་སྔོན་ལ་ཚད་རན་གྱི་རྩམ་པ་བླུགས་པ་དང་དེ་རྗེས་སྤགས་ཁུ་ཇ་འམ་ཕྱུར་ཁུ་བླུགས་རྗེས་ལག་གཡས་པས་ཐང་ཁུག་གི་ཁ་ནས་བཟུང་ནས་ཧྲུག་ཧྲུག་ལན་གསུམ་གཏོང་དགོས། ༢ ལག་གཡོན་མས་ཐང་ཁུག་གི་གདན་དུ་བྱས་ཤིང་ལག་གཡས་པས་ཐང་ཁུག་གི་ཁ་ནས་དམ་པོར་བཟུང་ནས་ཤུགས་རྒྱབ་ནས་སྤགས་ཡག་མོ་རུ་དགོས། ༣ ལག་གཉིས་མཉམ་རུབ་ཀྱིས་ཐང་གཅུས་བཅངས་ནས་རིམ་གྱི་ཁ་ནང་དུ་འཇུག་དགོས་ཁ་ནང་དུ་བཅུག་དུས་ཐང་གཅུས་ཀྱི་རྐུབ་འདི་སྔོན་ལ་ཁ་ནང་བཅུག་དགོས། 
༼གསུམ་པ༽ སྤགས་གཡོ་བར་ཡང་ཆ་རྐྱེན་གང་འདྲ་ཞིག་འཛོམས་ན་གཡོས་པའི་སྤགས་འདི་ལེགས་པར་བརྩི་བ་ཡིན། འདི་ན་སྤགས་གྱི་གར་སླ་འཚམས་པ།སྤགས་གཡོ་བའི་རྒྱུད་རིམ་ནང་འཕྲོ་བརླག་མེད་པ། རུས་པའི་སྤགས་ཡག་མོ།ཨར་ཏིས་ལ་མཛུབ་མོ་ལྔའི་དཔར་རིས་གསལ་བ། དེ་བཞིན་གྱི་སྤགས་ཁ་ནང་དུ་བཅུག་དུས་ཨར་ཏིས་སྟེང་འོག་གང་ཞིག་སྔོན་ལ་ཁ་ནང་དུ་བཅུག་དགོས་པ་ཤེས་པར་བྱེད་དགོས། 
༼བཞི་པ།༽ སྤགས་གཡོ་སྟངས་དང་འབྲེལ་བའི་རྟག་གཞི་ཁག་ཅིག
 ༡ གནའ་བོའི་ཤོད་སྲོལ་ལ་སྤགས་ནོན་པོ་གཡོ་མཁན་མི་འདི་ཚེ་རིང་བར་ཡོད་པ་དང་སྤགས་ཕྱེ་མན་ཕོལ་མན་གཡོ་མཁན་མི་འདི་ཚེ་ཐུང་བར་ཡོད་ཅེས་ཤོད་སྲོལ་ཡོད། 
༢ ཉིན་གཅིག་གི་ཞོགས་པའམ་སྔ་དྲོ་གལ་སྲིད་སྤགས་གཡོ་མཁན་མི་འདིས་གཡོས་པའི་སྤགས་འདི་གར་ན་མི་འདི་དེ་ཉིན་ལས་ཀ་སོགས་གང་ལ་འཇུག་ཀྱང་ཅུང་སླ་བ་ཡོད་པ།དེ་ལས་ལྡོག་ཏེ་སླ་བར་ཡོད་ན་ཅུང་དཀའ་བར་ཡོད།ཤོད་སྲོལ་ལའང་སྤགས་གར་ན་མི་སླ།སྤགས་སླ་ན་མི་དཀའ།ལ་སོགས་པའི་ཉིན་གཅིགགི་ལས་ཀ་དཀའ་སླའི་རྟག་གཞི་ཡོད།།
 ༣ བོད་པ་རྣམས་ཀྱི་སྤགས་ཀྱི་ཨར་ཏིས་ཁ་ནང་དུ་བཅུག་དུས་ཨར་ཏིས་སྟེང་འོག་གང་ཞིག་སྔོན་ལ་ཁ་ནང་དུ་བཅུག་དགོས་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད་དེ་སྐབས་རེ་རྒན་རབས་ཚོས་བྱིས་པར་མཐོང་ཆུང་ཟུར་ཟའི་གཏམ་ཤོད་སྐབས་ཁྱོད་ལོ་ཆུང་ཆུང་ང་རྒྱལ་ཁེངས་དྲེགས་མ་བྱེད་ཅིག་ཁྱོད་ཀྱི་ད་ལྟ་སྤགས་ཨར་ཏིས་ཀྱི་མགོ་གཞུག་མི་ཤེས་ཅེས་ཤོད་པ་འདི་ཡང་རང་ཉིད་ལ་ཉམས་མྱོང་ཕུན་ཚོགས་དང་འཇིག་རྟེན་འཚོ་བར་རོལ་ནས་ཡུན་རིང་ཕྱིན་པའི་སྒེག་ཉམས་ཤོད་པ་མིན་ནམ་སྙམ་པའི་དོགས་པ་ཡང་འདུག


རྩོམ་ཡིག་རྗེས་མ།
༄༅། །ཆང་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1