ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


ཝང་ཞའོ་ཧུའེ་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་། ཧོང་ཆང་ཚོགས་གཙོ་གཞོན་པ། ཁྲེན་ཝུའེ་དྲུང་ཡིག་ཆེན་མོ་བཅས་སུ་མིང་བཏོན་འདེམས་བསྐོ་གནང་བ་རེད།

 སྤྱི་ཟླ་10པའི་ཚེས་15ཉིན་གྱི་སྔ་དྲོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་བཅའ་སྡོད་བྱེད་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

 གྲོས་ཚོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀའི་སྙན་ཞུ་དང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་། འཐུས་མིའི་འོས་བབ་ཞིབ་དཔྱོད་ཨུ་ལྷན་གྱི་ཁོངས་མི་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི། དྲུང་ཡིག་ཆེན་མོའི་བསམ་འཆར་མིང་ཐོ་སོགས་ནང་མོལ་མཛད་པ། ཝང་ཞའོ་ཧུའེ་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་། ཧོང་ཆང་ཚོགས་གཙོ་གཞོན་པ། ཁྲེན་ཝུའེ་དྲུང་ཡིག་ཆེན་མོ་བཅས་སུ་མིང་བཏོན་འདེམས་བསྐོ་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1