ཝང་དབྱང་བོད་ལྗོངས་འཐུས་མི་ཚོཊ་པའི་གྲོས་བསྡུར་ནང་ཞུཊ་པ།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 10-18


    སྤྱི་ཚེས་17ཉིན་གྱི་སྔ་དྲོ་བློ་མཐུན་ཝང་དབྱང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་བརྗོད་དོན་ཁ་གསལ་ཡིན་ཞིང་། དེ་ནི་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཏང་སེམས་གཅིག་སྒྲིལ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། སེམས་པ་གཅིག་མཐུན་ཡོང་བ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བར་ལོ་རྒྱུས་ཀྱི་གནས་ཚད་གསར་པ་བཏོད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་རྒྱུར་བདེན་དོན་གྱི་སྟོབས་ཤུགས་གསར་པ་བསྣན་པ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་འཐབ་ཇུས་ཀྱི་ཁྲིད་སྟོན་གསར་པ་མཁོ་འདོན་གནང་ཡོད་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ནས་འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུར་སྐུལ་མ་ཆེན་པོ་ཐེབས་ངེས་ཡིན་ལ། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་གོང་བུ་གཅིག་ཏུ་སྒྲིལ་ངེས་ཡིན་ཞེས་གསུངས་པ་རེད།

      ཝང་དབྱང་གིས། དུས་རབས་གསར་པའི་ལོ་10ཡི་གོང་འཕེལ་གྱི་བརྒྱུད་རིམ་དེ་སྤྱིར་བཏང་གཏན་ནས་མིན་པ་དང་། དུས་རབས་གསར་པའི་ལོ་བཅུའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རླབས་ཆེན་གྱི་འཕོ་འགྱུར་དེ་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་བཀོད་ཡོད། “གཏན་འཁེལ་གཉིས”ནི་ཏང་ཡོངས་ཀྱི་འདོད་བློ་དང་དམངས་སེམས་ཕྱོགས་ས་ཡིན། དམིགས་འབེན་ཇི་ཙམ་རྒྱ་ཆེ་བ་དང་གནས་བབ་ཇི་ཙམ་རྙོག་འཛིང་ཆེ་ན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་ཙམ་གྱིས་གོ་བ་གཏིང་ཟབ་ལེན་དགོས་པ་དང་། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་ལྟེ་བའི་གནས་བབ་ལ་དེ་ཙམ་གྱིས་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྲིད་སྟོན་གནང་བའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།

       ཝང་དབྱང་གིས། སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ང་ཚོ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་འགག་རྩ་ཡིན། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཏང་གི་ལྟེ་བའི་ལས་འགན་གཏན་འཁེལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་སྒྲུབ་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་ཁྲོད་ནས་རང་འགུལ་དང་། བཟང་ཆ། འབྱུང་འགྱུར་བཅས་ཐོབ་པ་བྱེད་དགོས་ཞེས་བསྟན་ཡོད།

       ཝང་དབྱང་གིས། དུས་རབས་གསར་པའི་ལོ་10ནི་བོད་ལྗོངས་གོང་འཕེལ་ཡག་ཤོས་དང་འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་10ཡིན། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་ལེན་བསྟར་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1