ཞི་ཅིན་ཕིང་སོཊ་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་གནང་།

རྩོམ་སྒྲིག་པ།འཇིགས་མེད།ཡོང་ཁུངས། སྤེལ་དུས། 10-24


 

 ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུགས་བརྩེའི་ངང་མཇལ་འཕྲད་གནང་། པར་འདི་ནི་ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་རྒྱལ་ཕྱི་ནང་གི་གསར་འགོད་པ་རྣམས་ལ་ཕྱག་བརྡ་གནང་བཞིན་པ།  

     ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ10པའི་ཚེས23ཉིན་པེ་ཅིང་ནས་སྤེལ་བའི་གསར་འགྱུར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་བདམས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་བཅས་ཀྱིས་ཚེས་ཉེར་གསུམ་ཉིན་གྱི་ཉིན་གུང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བཅར་འདྲི་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུགས་བརྩེའི་ངང་མཇལ་འཕྲད་གནང་།

  

    མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་དཔའ་སྤྲོའི་དཔལ་གྱིས་ཁེངས་ལ་རྔམ་བརྗིད་ལྡན། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དྲུག་བརྒྱ་ལྷག་གནས་དེར་ཡོང་ནས་འཛམ་གླིང་ཡོངས་ལ་ཐོག་དང་པོར་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམ་པ་ཁྱབ་སྒྲོག་བྱས།

    ཆུ་ཚོད་བཅུ་གཉིས་དང་སྐར་མ་ལྔའི་སྟེང་། ཞི་ཅིན་ཕིང་སོགས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཚོམས་ཆེན་དུ་ཕེབས་ཏེ། གནས་དེའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་རྣམས་ལ་ཕྱག་གཡུག་གནང་ནས་གུས་འདུད་ཞུས།

    ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་མགྲིན་ཚབ་པ་སུན་ཡེ་ལིས་ཀྱིས་མཚམས་སྦྱོར་མདོར་བསྡུས་བྱས་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཐོག་མར་བསྟན་དོན། གནས་འདི་ནས་གསར་འགོད་པ་རྣམ་པར་ཐུག་པར་དགའ་སྤྲོ་ཆེན་པོ་སྐྱེས་སོང་། ཁ་སང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་སྟོབས་ཤུགས་གཅིག་སྡུད་བྱས་པ། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་དོ་སྣང་ཆེན་པོ་བྱས་པ་དང་། རྒྱལ་ཁབ་མང་པོའི་སྲིད་ཏང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་དང་འཕྲིན་ཡིག་བསྐུར་ཡོང་ལ། དེའི་ནང་གི་མང་ཤོས་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོ། སྲིད་ཏང་དང་རྩ་འཛུགས་ལས་ཁུངས་གཙོ་བོའི་མགོ་ཁྲིད་པས་བསྐུར་ཡོང་བ་རེད། འདི་ནས་ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1