གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
རྒྱན་གོས།
༄༅།།བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་རྒྱན་གོས་ནི་ག་འདྲ་ཡིན།
མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ་ལས་དྲངས། སྤེལ་དུས། 10-26
མངའ་རིས་ས་ཁུལ་དུ་སྒར་རྫོང་དང་། རུ་ཐོག་རྫོང་། རྩ་མདའ་རྫོང་། སྤུ་ཧྲེང་རྫོང་། དགེ་རྒྱས་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་། ལུང་དཀར་རྫོང་སོགས་རྫོང་བདུན་འདུས། རྒྱ་གར་དང་བལ་བོ། ཁ་ཆེ་སོགས་ས་ཁུལ་དང་འདབས་འབྲེལ་ཡིན།
མངའ་རིས་སུ་ཧི་མ་ལ་ཡ་དང་གངས་ཏེ་སེ། ཁ་ལ་ཁུ་ནུ་རི་རྒྱུད་སོགས་གནས་པ་དང་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨིས་བཞི་སྟོང་ལྔ་བརྒྱའི་ཡས་མས་ཡོད་པས་འཛམ་གླིང་ཡང་རྩེ་ཡི་ཡང་རྩེ་ཡིན། རླུང་དང་གྲང་ངར་ཆེ། འགྲིམ་འགྲུལ་སྟབས་བདེ་མིན་པ་དང་། ས་ཆ་གཞན་དང་ལྟོས་འཇོག་གིས་འབྲེལ་བ་ཆེན་པོ་མེད་པས།
ས་ཆ་ལ་ལའི་རྒྱན་གོས་ལ་ད་རུང་གནའ་བོའི་བོད་ཀྱི་བཙན་པོའི་སྐབས་ཀྱི་རྒྱན་གོས་ཀྱི་ཁྱད་ཆོས་མངའ་བ་ཡིན། དེ་ལས་ཀྱང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ནི་སྤུ་ཧྲེང་སྐྱེས་མའི་རྨ་བྱའི་རྒྱན་གོས་ཞེས་པ་དེ་ཡིན།
སྤུ་ཧྲེང་སྐྱེས་མའི་ཐུན་མོང་མ་ཡིན་པའི་རྨ་བྱའི་རྒྱན་གོས་ཞེས་པ་ནི་སྤུ་ཧྲེང་རྫོང་གི་གཙང་བོ་རྨ་བྱ་ཁ་འབབ་དང་འབྲེལ་བ་ཆེ། རྨ་བྱའི་གཟུགས་དབྱིབས་ལ་དཔེར་གབ་པ་ཡིན་ཟེར།སྐྱེས་མའི་མགོ་ལ་རྒྱན་ཆུང་དང་ཕྲག་པ་གཡས་པར་སྒ་ལེབ། མགྲིན་པར་སྐེའུ་སོགས་ཀྱིས་མཛེས་པར་བརྒྱན། རྒྱབ་ཏུ་ནང་ཚ་རུ་དང་གཡོགས་གོས་དར་ཅན་གྱི་སྤུག་ཅེས་པ་གྱོན། སྐྱེས་མའི་རྒྱན་གོས་ཀྱི་རྒྱབ་ཏུ་ར་ལྤགས་དཀར་པོས་བཟོས་པའི་སྐེད་པ་ཞེས་པའི་རྒྱབ་གཡོགས་ཤིག་བཅིངས་པ་ཡིན།
རྩོམ་ཡིག་སྔོན་མ།
༄༅།།དགོན་ལུང་བྱང་རིའི་སྟོན་ལྗོངས།
རྩོམ་ཡིག་རྗེས་མ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཤིང་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1