ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་པ།

རྩོམ་སྒྲིག་པ།འཇིགས་མེད། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 10-31


    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་10ཚེས་30ཉིན་ཀྲུའུ་ཞིའི་བཀའ་རྒྱ་ཨང་122པ་དང་། ཨང་123པ། ཨང་124པ། ཨང་125པ་བཅས་ལ་མཚན་རྟགས་བཀོད་གནང་ཡོད། 

     ཀྲུའུ་ཞིའི་བཀའ་རྒྱ་ཨང་122པའི་ནང་། 《བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པའི་ཐོག་སྤྱི་ལོ་2022ལོའི་ཟླ་10ཚེས་30ཉིན་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་ལོ་2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཞེས་བསྟན་ཡོད།

     ཀྲུའུ་ཞིའི་བཀའ་རྒྱ་ཨང་123པའི་ནང་། 《རྨ་ཆུ་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པའི་ཐོག་སྤྱི་ལོ་2022ལོའི་ཟླ་10ཚེས་30ཉིན་གྲོས་འཆམ་བྱུང་ཞིང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་ལོ་2023ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཞེས་བསྟན་ཡོད།

     ཀྲུའུ་ཞིའི་བཀའ་རྒྱ་ཨང་124པའི་ནང་། 《ཕྱུགས་ལས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་ལོ་2023ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཞེས་བསྟན་ཡོད།

     ཀྲུའུ་ཞིའི་བཀའ་རྒྱ་ཨང་125པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བདུན་པའི་ཐོག་སྤྱི་ལོ་2022ལོའི་ཟླ་10ཚེས་30ཉིན་གཏན་འབེབས་བྱས་པ་གཞིར་བཟུང་། ཁྲེན་ཝུན་ཆིང་གི་རྒྱལ་ཁབ་བདེ་འཇགས་པུའི་པུའུ་ཀྲང་གི་གོ་གནས་མེད་པ་བཟོ་རྒྱུ་དང་། ཁྲེན་དབྱི་ཤིན་རྒྱལ་ཁབ་བདེ་འཇགས་པུའི་པུའུ་ཀྲང་ལ་བསྐོ་གཞག་བྱ་རྒྱུ་ཞེས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1