སྟོན་ཁ་སླེབས་པ་ན། རྔ་བ་ཁུལ་ཁྲོ་ཆུ་རྫོང་དུ་རིགས་དང་ཁ་དོག་མི་འདྲ་བའི་སྡོང་ལོ་མང་བས་ཡོངས་སུ་བརྒྱན་ཞིང་། མཚེའུ་དང་ནགས་ཚལ། གངས་རི་བཅས་ཀྱིས་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་གྲུབ་ཡོད་པ་རེད། ཁྲོ་ཆུ་རྫོང་ཁོངས་སུ་སྤྱི་ལེ་གྲུ་བཞི་མ་3000ལྷག་གི་ནགས་ཚལ་ཡོད་པ་དང་། ནགས་ཚལ་གྱི་ཁེབས་རྒྱ་ཆེ་ཞིང་སྡོང་ལོའི་ཁ་དོག་གི་རིགས་མང་བས་ཡ་གླིང་དུའང་མིང་གྲངས་ལྡན་ནོ། །