ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཡོངས་རྒན་རྒོན་གཞུང་ལས་ཁང་གིས《2022ལོའི་རྒྱལ་ཡོངས་དཔེ་སྟོན་རང་བཞིན་གྱི་རྒན་རྒོན་མཛའ་མཐུན་རིགས་ཀྱི་སྤྱི་ཁུལ་ལ་མིང་བཏགས་པའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་ཏེ། 2022ལོའི་རྒྱལ་ཡོངས་དཔེ་སྟོན་རང་བཞིན་གྱི་རྒན་རྒོན་མཛའ་མཐུན་རིགས་ཀྱི་སྤྱི་ཁུལ་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རང་ཁུལ་གྱི་རོང་བྲག་རྫོང་བརྒྱ་རྒྱུད་གྲོང་རྡལ་དཔའ་དབང་ཆུང་གྲོང་སྡེ་མིང་ཐོ་དེའི་ནང་ཚུད་པ་རེད།
ས་གནས་ཁག་གིས་འོས་སྦྱོར་བྱས་པའི་རྨང་གཞིའི་ཐོག་རིམ་པ་བཞིན་ཞིབ་བཤེར་གཏན་འབེབས་དང་ཡོངས་བསྒྲགས་བྱས་པར་བརྒྱུད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཡོངས་ཀྱི་རྒན་རྒོན་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་སྤྱི་ཁུལ999ལ2022ལོའི་རྒྱལ་ཡོངས་དཔེ་སྟོན་རྒན་རྒོན་མཛའ་མཐུན་རིགས་ཀྱི་སྤྱི་ཁུལ་གྱི་མིང་བཏགས་ཐོབ་པ་རེད།
ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་ཡུལ་སྡེ་དར་རྒྱས་དང་མཉམ་དུ་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་མུ་མཐུད་ནས་སྐུལ་འདེད་བཏང་བ་དང་། དཔའ་ངར་ཆེར་བསྐྱེད་ཀྱི་རྣམ་པའི་ཐོག་ནས་བབ་བསྟུན་འཕྲལ་སྒྲུབ་དང་མུ་མཐུད་ནས་འབད་འཐབ་བྱས་ཏེ་ཡུལ་སྡེ་དར་རྒྱས་ཀྱི་དཔེ་རིས་བརྗིད་ཉམས་ཆེ་བ་ཧུར་ཐག་བྲིས་པ་རེད།
རོང་བྲག་རྫོང་དཔའ་དབང་ཆུང་གྲོང་སྡེར་རྟེན་འབྲེལ་ཞུ།
ཐོན་ལས་འཕེལ་རྒྱས་འགྲོ་བས་དཔའ་དབང་ཆུང་གྲོང་སྡེར་ཐོབ་པའི་མཚན་སྙན་ཡང་ཇེ་མང་དུ་ཕྱིན་ཡོད། གྲོང་སྡེ་དེར2019ལོ་འཁོར་ལ་སི་ཁྲོན་ཞིང་ཆེན་གྱི་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལས་དོན་གྱི་དཔེ་སྟོན་གྲོང་སྡེའི་གཟེངས་བསྟོད་ཐོབ་པ་དང་། ཏང་བཙུགས་ནས་ལོ100འཁོར་བའི་སྐབས་སུ་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་སུ་བདམས་པ་རེད། 2022ལོའི་ཟླ་བ3པར་སི་ཁྲོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་སྡེ་ཁག་དྲུག་པའི་གཟེངས་བསྟོད་ཐོབ་ཡོད། ད་ཆ་དཔའ་དབང་ཆུང་གྲོང་སྡེའི་དུད་ཚང65ཡི་མི204འབྱོར་འབྲིང་ལམ་ཆེན་དུ་བསྐྱོད་བཞིན་པའི་སྒང་རེད།།