མཛོད་དགེས་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 11-04



 

      གྲོང་ཁྱེར་གྱི་རྣམ་པ་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། མཛོད་དགེ་རྫོང་གིས་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལས་དོན་མུ་མཐུད་དུ་སྤེལ་བ་དང་། མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཡུན་རིང་བཅོས་སྐྱོང་གི་ཕུགས་ཕན་མངོན་འགྱུར་ཡོང་བར་བྱེད་པའི་ཐད་བྱ་སྤྱོད་ངོ་མ་སྤེལ་བ། བྱས་རྗེས་ངོ་མ་འཇོག་པ་བཅས་བྱས་ནས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། སྐྱེ་ཁམས་གནས་སྡོད་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་བསྐྲུན། མང་ཚོགས་ཀྱི་བསམ་འདུན་ལྟར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་འཐུས་ཚང་དུ་བཏང་ནས་མི་སྡོད་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་།

 

 

     གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་སྔོན་འགྲོ་ཡིན། གོམ་སྟབས་རྗེས་མར་མཛོད་དགེ་རྫོང་གིས་ཕུགས་ཕན་དོ་དམ་སྲུང་སྐྱོང་གི་ལམ་སྲོལ་དམ་འཛིན་བྱ་གཞིར་བྱས་ནས། མི་སྡོད་ཁོར་ཡུག་གི་འགོག་རྐྱེན་ལས་སྒྲོལ་ཏེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཁྱོན་ཡོངས་ནས་སྤུས་ཚད་མཐོར་གཏོང་དང་། ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དེའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1