མཚོ་སྔོན་རོང་པོ་འབྲི་ཆུ་འབྱུང་ཡུལ་དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-07


 


པར་འདི་ནི་རོང་པོ་བརླན་ས་ཡིན།  

               མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མངའ་ཁོངས་ཀྱི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་གཙོ་བོར་བཟུང་པའི་རང་བྱུང་སྲུང་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། མཐོ་སྒང་མཐོ་གྲང་གི་བརླན་སའི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཆུ་ཚད་མཐོ་རུ་བཏང་པས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

 

པར་འདི་ནི་རོང་པོ་བརླན་སའི་ཁྲུང་ཁྲུང་སྐེ་ནག་ཡིན།  

               སྲུང་སྐྱོང་ཁུལ་དེ་ནི་འབྲི་ཆུའི་འབྱུང་ཡུལ་རི་སྐྱེས་འདབ་ཆགས་རིགས་ཀྱི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འདབ་ཆགས་རིགས་ཀྱི་ཚན་པ17གྱི་ཚན་ཁག39རིགས138ཡོད་པ་དང་། གནས་དེ་རུ་ཁྲུང་ཁྲུང་སྐེ་ནག་དང་། སྐྱར་མོ། བཞད་ནག་སོགས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས10ཡོད་པ་མ་ཟད། ད་དུང་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་སྐྱ་མོ་རིགས་སོགས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས23ཡོད། དེ་ཡང་ཁྲུང་ཁྲུང་སྐེ་ནག་འཛུགས་སྐྲུན་དུས་མགོའི22ནས་ཆེས་མང་བའི་དུས་ཀྱི216ལ་སླེབས་ཤིང་། ཁྲུང་ཁྲུང་མགོ་ཁྲ་ཐེངས་དང་པོར་མཐོང་དུས་ཀྱི1000ལྷག་ནས་ད་ལྟའི་ཁྲི་ལྷག་ལ་ཇེ་མང་དུ་སོང་། གཞན་ད་དུང་བཞད་ནག་དང་། ཆུ་བྱ། འཇོལ་མོ་སོགས་ཀྱི་འདབ་ཆགས་རིགས108ཡོད་པས། རང་བྱུང་སྲོང་སྐྱོང་ཁུལ་ནང་གི་འདབ་ཆགས་རིགས་ཀྱི་ཁྱུ་ཚོགས་ལོ་རེ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། རོང་པོ་བརླན་ས་དེ་འཛམ་གླིང་ཡོངས་ཀྱི་དུས་བྱ་གནས་སྤོ་ལམ་ཐིག་ཁྲོད་ཀྱི་ཨེ་ཤ་ཡ་དབུས་རྒྱུད་ནས་ཧིན་རྡུའི་གནས་སྤོ་ལམ་ཐིག་ཁྲོད་རྒྱུད་སྤེལ་གནས་གལ་ཆེན་དང་ངལ་གསོ་སར་གྱུར་ཡོད་པ་མ་ཟད། མཚོ་བོད་མཐོ་སྒང་ས་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲའི་རྒྱུད་སྤེལ་གནས་གཙོ་བོར་གྱུར་ཡོད། 

 

པར་འདི་ནི་རོང་པོ་བརླན་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་ཡིན།  

               དེ་དང་ཆབས་ཅིག སྲུང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་མཐོ་གྲང་བརླན་སའི་གཅིག་སྡུད་ཁྱབ་ཁུལ་ཡིན་པས། མཐོ་གྲང་ན་འདམ་བརླན་སའི་ཐོན་ཁུངས་ལ་སྲུང་སྐྱོང་ལེགས་པོ་ཐོབ་ཡོད། རོང་པོ་བརླན་སའི་འདམ་སོལ་གསོག་ཚད་ཏུན172དང་། སྤྱིའི་ཐན་མཛོད་ཏུན28ཟིན་ཡོད། ཕྲ་ཆུང་ཆུན་ནར་སྐྱེ་དངོས་རིགས་ཀྱི་ཚན་ཁག44རིགས224ཁོངས་གཏོགས132 ། འོ་གསོའི་སྲོག་ཆགས་ཚན་པ4ཚན་ཁག7རིགས11 ། སྐམ་མཚོ་གཉིས་གནས་སྲོག་ཆགས་ཚན་པ1ཚན་ཁག2རིགས3། ཉ་རིགས་ཚན་པ1ཚན་ཁག2རིགས3བཅས་ཡོད། ཕུན་སུམ་ཚོགས་པའི་འདམ་སོལ་ན་འདམ་ཐོན་ཁུངས་མཐོ་གྲང་ན་འདམ་གྱི་ཚབ་བྱེད་རང་བཞིན་བརླན་སའི་སྲོག་ཆགས་དང་སྐྱེ་དངོས་ཡོངས་སུ་ཁྱབ་པས། མཐོ་གྲང་ན་འདམ་ཡོད་ཚད་ཀྱིས་མཁོ་འདོན་བྱེད་ཐུབ་པའི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་རིགས་འདུས་ཡོད།

               ལོ་ངོ་བཅུ་ཡི་རིང་། སྲུང་སྐྱོང་ཁུལ་ནི་ཡུས་ཧྲུའུ་ཡིས་མི་དང་རང་བྱུང་འཆམ་གནས་མཉམ་གནས་ལག་བསྟར་བྱེད་པའི་དཔེ་མཚོན་དུ་གྱུར་བ་དང་། རོང་པོ་ཐང་མཐའ་འཁོར་གྱི་འབྲོག་མི་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཡག་པོ་རྒྱུན་འཛིན་བྱས་ནས“སེམས་ཅན་གཅིག་འདུས། འཆམ་མཐུན་མཉམ་གནས”ཀྱི་སྐྱེ་ཁམས་རིན་ཐང་ལྟ་བ་དམ་པོར་བཟུང་ནས་སྲོལ་རྒྱུན་གྱི་ཕྱུགས་འཚོ་རྩྭ་ཁ་རེས་སྐོར་བྱེད་ཐབས་སྤྱད་པ་བརྒྱུད། ཐན་དམའ་ཞིང་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་རོལ་སྟངས་ཀྱིས་བརླན་སའི་ཐོན་ཁུངས་རིག་ལྡན་ངང་བེད་སྤྱོད་བྱས། དེ་དང་ཆབས་ཅིག གཞིས་ཁུལ་གྱིས་མཉམ་དུ་དོ་དམ་བྱེད་པའི་ཚོད་ལྟ་གྲོང་ཚོ་དང་རང་བྱུང་སློབ་གསོ་ཚོད་ལྟ་སློབ་གྲྭ་བཙུགས་ཏེ་གཞིས་ཁུལ་གྱི་མཉམ་སྐྲུན་དཔེ་དབྱིབས་སྤེལ། བརླན་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་ལམ་ལུགས་ལག་བསྟར་བྱས་ནས། ཟླ་རེར་གཏན་འཁེལ་གླ་ཕོགས་ལེན་ཐུབ་པས་འབྲོག་པ་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་ཡོང་འབབ་འཕར་བ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1