སྤྱི་ཟླ་11པའི་ཚེས་5ནས་6བར། ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་བཅུ་པ་སི་ཁྲོན་མི་རིགས་སློབ་གླིང་ནས་འཚོགས་པ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་གྲོལ་བ་དང་རྒྱལ་ཡོངས་ས་གནས་ཁག་ཏུ་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བའི་ཚ་རླབས་འཕྱུར་བའི་སྐབས་འདིར། ས་ཕྱོགས་སོ་སོ་ནས་ཕེབས་པའི་མཁས་དབང་རྣམ་པ་སི་ཁྲོན་མི་རིགས་སློབ་གླིང་དུ་འཛོམས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་དང་། དུས་རབས་གསར་པའི་ཁམས་པའི་རིག་གནས་ཞིབ་འཇུག་གི་ཐབས་ལམ་གསར་པ་འཚོལ་ཞིབ་དང་། ཞིབ་འཇུག་གི་གྲུབ་འབྲས་གསར་པ་ལ་མཉམ་དུ་ལོངས་སུ་སྤྱད་པ་རེད།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་སི་ཁྲོན་མི་རིགས་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་། ཁམས་པའི་རིག་གནས་ཞིབ་འཇུག་ལྟེ་གནས་ཁང་དང་ཁམས་པའི་རིག་གནས་སྤྱི་ཚོགས་ཚན་རིག་ཁྱབ་གདལ་རྟེན་གཞི་གཉིས་ཀྱིས་སྒྲུབ་འགན་ཁུར་བ་རེད།
བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ་རུ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རིམ་པ་གཉིས་པའི་ཞིབ་འཇུག་པ། ཁམས་པའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ཏུའུ་ཡུང་པིན་དང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རིམ་པ་གཉིས་པའི་ཞིབ་འཇུག་པ་རྒྱལ་མོ་འབྲུག་པ། སི་ཁྲོན་དགེ་འོས་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན། ཧྭ་ཞི་མཐའ་མཚམས་ཞིབ་འཇུག་ཁང་གི་མགོ་འཛིན་སུན་ཡུང་། སི་ཁྲོན་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན། ཁམས་པའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་གཡུ་སྒྲོན་མཚོ་མོ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲང་ཞུའེ་ཧྥུང་། སི་ཁྲོན་མི་རིགས་སློབ་གླིང་ཏང་ཨུའི་རྒྱུན་ཨུ། སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གཙོ་གོ་ཆིང་དབྱི་བཅས་དང་། དཀར་མཛེས་ཁུལ་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཚན་གྱི་མགོ་ཁྲིད་རྣམས་ཞུགས་ཡོད་པ་རེད།
ཉིན་གཉིས་ཀྱི་རིང་ལ་མཁས་དབང་རྣམ་པས་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོར་གཞིགས་ནས་གཏམ་བཤད་དང་ཚོ་ཆུང་ཁག་བགོས་ཀྱིས་དཔྱད་རྩོམ་སྤེལ་རེས་བྱས་པ་རེད།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ་ཤེས་རབ་ཉི་མས་མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་སུ་རྒྱལ་ཁབ་ཀྱིས་སློབ་གསོར་ངོས་འཛིན་གཅིག་མཐུན་གྱི་བསམ་གཞིགས་སྐོར་དྲ་ཐོག་ནས་གཏམ་བཤད་གནང་།
བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རིམ་པ་གཉིས་པའི་ཞིབ་འཇུག་པ། ཁམས་པའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ཏུའུ་ཡུང་པིན་གྱིས་བོད་རིག་པའི་ཞིབ་འཇུག་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ཞིབ་འཇུག་ནང་འདྲེས་པའི་ཐོག་མའི་འཚོལ་ཞིབ་ཀྱི་ཐད་ནས་གཏམ་བཤད་གནང་།
ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རིམ་པ་གཉིས་པའི་ཞིབ་འཇུག་པ་རྒྱལ་མོ་འབྲུག་པས་ལོ་རྒྱུས་བརྟག་ན་ད་ལྟ་ཤེས་ལ། ལོ་རྒྱུས་སྦྱངས་ན་བློ་རིག་གསལ་ཞེས་པའི་ཐད་ནས་གཏམ་བཤད་གནང་།
ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཝང་ཞའོ་པིན་གྱིས་སྤོམ་མདའ་རྡོ་རྗེ་དང་ལྷོ་ནུབ་མི་རིགས་ཁག་གིས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བའི་འཐུས་མི་ཚོགས་པ་ཞེས་པའི་ཐད་དྲ་ཐོག་ནས་གཏམ་བཤད་གནང་།
སི་ཁྲོན་སློབ་ཆེན་གྱི་འབུམ་རམས་པའི་སློབ་དཔོན། ཁམས་པའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་གཡུ་སྒྲོན་མཚོ་མོས་མི་སེར་རྒྱལ་ཁབ་དུས་ཀྱི་རྒྱ་བོད་འགྲོ་འོང་དང་སྤེལ་རེས་ཁྲོད་རིག་གནས་མཚམས་སྦྱོར་བ་ཁམས་ཁུལ་གྱི་ཚོང་བ་ཞེས་པའི་ཐད་ནས་གཏམ་བཤད་གནང་།
མན་དབྱང་དགེ་འོས་སློབ་གྲྭའི་འབུམ་རམས་པའི་སློབ་དཔོན། རིམ་པ་དང་པོའི་འཁྲབ་ཁྲིད་པ་བཀྲ་ཤིས་རྒྱ་མཚོས་བོད་རིགས་ཀྱི་ཞབས་བྲོ་རིག་པའི་ཐད་དྲ་ཐོག་ནས་གཏམ་བཤད་གནང་།
སི་ཁྲོན་མི་རིགས་སློབ་གླིང་གི་བློ་བཟང་ཆོས་འཕེལ་གྱིས་ས་གནས་ཀྱི་མི་རིགས་མཐོ་རིམ་སློབ་གླིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བའི་ལག་ལེན་འཇུག་ལམ་ཞིབ་འཇུག་ཐད་ནས་གཏམ་བཤད་གནང་།
སི་ཁྲོན་མི་རིགས་སློབ་གླིང་གི་ལྷ་རྒྱལ་དོན་གྲུབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་དང་མི་རིགས་ས་ཁུལ་གྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ལེགས་སུ་གཏོང་བའི་སྐོར་ནས་གཏམ་བཤད་གནང་།