རི་བོ་སྐུ་བླའི་རྐང་འཁོར་འགྲན་བསྡུར་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 11-09


        རྫ་མགོ་གངས་ཀྱིས་བཟུང་།། རི་སྐེད་ནགས་ཁྲས་བརྒྱན། ཟླ་11པའི་སྐུ་བླ་རི་བོ་ནི་ལོ་གཅིག་གི་ཆེས་མཛེས་པའི་དུས་ཚོད་དེ་ཡིན་པས། གངས་རི་དང་མཚེའུ། སྤྲིན་གྱི་རྒྱ་མཚོ། འཁྱགས་རོམ་དང་ནགས་ཚལ་སོགས་ཁྱད་མཚར་བའི་རང་བྱུང་གི་བཀོད་པ་མང་པོས་གཅིག་གིས་བརྒྱན་ཏེ། སྔོ་བསངས་ཀྱི་ནམ་མཁའི་འོག་ཏུ་རི་མོ་མཁན་གྱི་པིར་རྩེ་ལས་ཐོན་པ་ལྟར། ཧ་ཅང་ཡིད་དུ་འོང་།

        ཟླ་11པའི་ཚེས་5ཉིན། སྐབས་གསུམ་པའི་རི་བོ་སྐུ་བླའི་དོམ་ཁྲ་ལམ་ཆེན་གྱི་རྐང་འཁོར་འགྲན་བསྡུར་དེ་རི་བོ་སྐུ་བླའི་མཛེས་ལྗོངས་ཁུལ་དུ་མགོ་བརྩམས་ལ། རང་བྱུང་ཁམས་ཀྱི་མེ་དྲོད་དང་གྲང་ངར་འཐབ་པའི་རོལ་མོ་ལུས་རྩལ་པ་དག་གི་ངར་སེམས་ལས་གྲགས་ཡོད།

        ཉེ་བའི་ལོ་འགའི་རིང་། རི་བོ་སྐུ་བླ་མཛེས་ལྗོངས་ཁུལ་གྱིས་ལུས་རྩལ་དང་ལྗོངས་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་མུ་མཐུད་དུ་སྐུད་འདེད་གཏོང་ཆེད། རི་བོ་སྐུ་བླའི་ཕྱི་རོལ་གྱི་ཐོན་ཁུངས་ཀྱི་ཁྱད་གཤིས་དང་མི་འདྲ་ས་འདོན་སྤེལ་གང་ལེགས་བྱས་ཏེ། ཟླ་གཅིག་ལ་འགྲན་བསྡུར་གཅིག་དང་དུས་ཚིགས་གཅིག་ལ་བརྗོད་དོན་གཅིག་ནང་དོན་ལ་བཟུང་བའི་མི་ཆིག་ཁྲི་ཡིས་ཕྱི་རོལ་གྱི་སྟོན་ཆེན་མཉམ་སྤྱོད་བྱེད་པ་གཙོ་བོར་བཟུང་ནས། ལུས་རྩལ་དང་ལྗོངས་སྐོར་མཉམ་འདྲེས་ཀྱི་བྱེད་ཐབས་བརྒྱུད། ལུས་རྩལ་འགྲན་བསྡུར་གྱི་བྱེད་སྒོ་སྣ་ཚོགས་སྤེལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1