ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་འཁོར་བཅུ་ལོན་པའི་བརྗོད་དོན་གཙོ་བོའི་བཅར་འདྲི་གླེང་མོལ་བྱེད་སྒོ་ཁྲེང་ཏུའུ་རུ་སྤེལ།
སྙན་འཇེབས་ཀྱི་རྫི་གླུ་ཞིག་ཝུན་ཅང་ཆུས་ཀྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སུ་ལྷིང་ངེར་གྲགས་བྱུང་། སྤྱི་ཟླ་11པའི་ཚེས་8ཉིན། ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་ཀྱིས་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་འཁོར་བཅུ་ལོན་པའི་བརྗོད་དོན་གཙོ་བོའི་བཅར་འདྲི་གླེང་མོལ་བྱེད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་སུ་སྤེལ།
ཚོགས་རའི་ཡུལ་དངོས།
བྱེད་སྒོའི་ཐོག་མར། ཁ་གཏད་རོགས་སྐྱོར་ཁག་ལྔའི་རུ་དཔོན་རྣམས་ཀྱིས་སོ་སོས་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་ལས་དོན་སྤེལ་བའི་གནས་ཚུལ་གླེང་། དེ་ཡང་ཝུན་ཅང་ཆུས་ཀྱིས་དབུལ་གྲོལ་འགག་སྒྲོལ་ལ་དམིགས་ནས། ཚན་རིག་དང་མཐུན་པའི་སྒོས་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་སྐོར་གཉིས་པའི་འཆར་འགོད་ཀྱི་འཐབ་ཇུས་བཀོད་སྒྲིག་བཟོས་ཏེ། དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁའི་མཚམས་སུ་གསེར་རྟ་རྫོང་དུ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བ་དང་། རྫོང་དེ་གར“སེམས་ཁུར་མི་དགོས་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་བྱུང་བར་བདེན་དཔང་བྱས་ཏེ། ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པ་དང་གསེར་རྟའི་དཔལ་འབྱོར་སྤྱི་ཚོགས་བྱ་གཞག་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་པ་རེད། ལོ་བཅུའི་རིང་། ཝུན་ཅང་གིས“ཁྲག་འདྲེན་པ”དང“ཁྲག་སྐྲུན་པའི”རོགས་སྐྱོར་ནུས་ལྡན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། རོགས་སྐྱོར་མ་དངུལ་སྒོར་ཁྲི་21788བཏང་བར་མ་ཟད། འཆར་གཞི་འགོད་པ་དང་ཐོན་ལས་ལས་ཞུགས། སྤྱི་པའི་ཞབས་ཞུ་སོགས་ཀྱི་རིགས་ཆེན་པོ་9དང་། རོགས་སྐྱོར་རྣམ་གྲངས་35ལག་བསྟར་བྱས་ཏེ། གསེར་རྟ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་ཕྱུག་འགྱུར་རོགས་སྐྱོར་དམིགས་འབེན་མངོན་འགྱུར་བྱུང་།
ཚོགས་རའི་ཡུལ་དངོས།
དེ་མིན། ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གི་ཕུལ་བྱུང་རུ་མི་རྣམས་ཀྱིས་སོ་སོས་གསེར་རྟའི་དབུལ་གྲོལ་འགག་སྒྲོལ་ཁྲོད་སེམས་མཐུན་སྒོས་ནང་ཞུགས་བྱས་ཏེ། སྨན་བཅོས་ཤེས་བྱ་དང་ལག་རྩལ་རོགས་སྐྱོར། སློབ་གསོ་རོགས་སྐྱོར། རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས། གྲོང་གསེབ་དར་རྒྱས་སོགས་ཀྱི་གཏམ་རྒྱུད་སྙན་མོ་གླེང་སྟེ། ཁོང་ཚོའི་དད་པ་དང་ཤེས་རིག །བརྩེ་བ་ལྡན་པའི་མཐོ་སྒང་གི་སྙིང་སྟོབས་ལས་ཚོགས་ཞུགས་པ་དག་གི་ཡིད་སེམས་ལ་དྲོད་ཁོལ་བསྩལ། ཡང་གཞན་རོགས་སྐྱོར་ལ་ཞུགས་པའི་སྡེ་ཁག་དང་ཁེ་ལས་འཐུས་ཚབ་ཀྱིས་ཝུན་ཅང་ཆུས་ཀྱི་སྐོར་ཐེངས་གསར་པའི་ལོ་ལྔའི་ཁ་གཏད་རོགས་སྐྱོར་ཇུས་འགོད་ལག་བསྟར་ལ་འགན་སྲུང་ཞབས་ཞུ་བསྒྲུབ་རྒྱུར་གཞིགས་ཏེ་གསེར་རྟ་རྫོང་གི་གྲོང་གསེབ་དར་རྒྱས་དང་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱ་བའི་ཐད་ནས་ཇུས་འགོད་དང་རྒྱང་ལྟ་བྱས།
ཚོགས་རའི་ཡུལ་དངོས།
ཆུས་སྲིད་གཞུང་གི་ཆུས་ཀྲུང་གཞོན་པ་ཀྲའོ་ཧྲང་དང་། ཆུས་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལོ་དབྱིན། ཆུས་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཆུས་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཡན་ཀོང་ཀྲུང་བཅས་སོ་སོས་ལོ་བཅུའི་རིང་གི་ཁ་གཏད་རོགས་སྐྱོར་གྱི་རོགས་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་སྤྱི་ཚོགས་ཞལ་འདེབས་གནས་ཚུལ། ཁ་གཏད་རོགས་སྐྱོར་ཐད་ཀྱི་གཙོ་གནད་ལས་བྱེད་རུ་ཁག་འཛུགས་སྐྱོང་། ཁ་གཏད་རོགས་སྐྱོར་ལས་དོན་གྱི་ནང་རྐྱེན་བཅས་ཀྱི་ཐད་ནས་གྲུབ་འབྲས་གླེང་སྟེ། ཕྱོགས་གང་ཅིའི་ཐད་ནས་ཝུན་ཅང་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་ཁ་གཏད་རོགས་སྐྱོར་གྱི་ཇུས་གཞི་ཆེན་མོར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཁ་གཏད་རོགས་སྐྱོར་གྱི་ལས་འགན་དོན་འཁྱོལ་ལག་བསྟར་ནན་མོ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མཚོན།
ཚོགས་རའི་ཡུལ་དངོས།
ཐེངས་འདིའི་བྱེད་སྒོ་བརྒྱུད། རྒྱ་ཆེའི་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བསྐྱེད་དེ། ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ“སྲུང་སྐྱོང་གཉིས”ཞིབ་བཤེར་བྱེད་ཆས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་འགན་འཁྲི། “ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་གྱིས་མཛུབ་སྟོན། གསེར་རྟའི་དགོས་མཁོ། ཝུན་ཅང་གིས་ནུས་པ”བཅས་ཀྱི་ཆ་ནས། “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”ཡོང་བ་བྱས་ཏེ་གསེར་རྟའི་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།
ཚོགས་ཞུགས་མི་སྣའི་མཉམ་པར།
ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་དོན་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཡིའུ་ཞང་ཧྥུའེ་དང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བོད་འབྲེལ་ལས་དོན་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་ལིའུ་ཀྲུ་ཡུང་། གྲོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཆིན་ཀྲིན། གསེར་རྟ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཡེ་ཤེས་ཚེ་རིང་། ཆུས་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཆུས་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཡེན་ཀོང་ཀྲུང་། ཆུས་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཏང་གི་སློབ་གྲྭའི་སློབ་གཙོ། སྤྱི་ཁུལ་རང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན། ཆུས་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལོ་དབྱིན། དེ་མིན་ཆུས་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་དང་སྐོར་ཐེངས་སོ་སོའི་ཁ་གཏད་རོགས་སྐྱོར་ལས་བྱེད་མི་སྣ། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས། ཝུན་ཅང་དུ་ཞོར་ལས་བྱེད་བཞིན་པའི་གསེར་རྟའི་མང་ཚོགས་བཅས་བསྡོམས་པས་མི་70ལྷག་བྱེད་སྒོར་ཞུགས། །