ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-10


ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།

ཟླ་11ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། དམག་ཨུད་མཉམ་འབྲེལ་དམག་འཐབ་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་ནས། སྐབས་གསར་པའི་དམག་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་རྣམ་འགྱུར་གསལ་པོ་མཚོན་པར་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

ཟླ་11ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། དམག་ཨུད་མཉམ་འབྲེལ་དམག་འཐབ་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་ནས། སྐབས་གསར་པའི་དམག་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་རྣམ་འགྱུར་གསལ་པོ་མཚོན་པར་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། དམག་ཨུད་མཉམ་འབྲེལ་དམག་འཐབ་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་ནས་སྐབས་གསར་པའི་དམག་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་རྣམ་འགྱུར་གསལ་པོ་མཚོན་པར་གནང་བ་རེད། ཁོང་གིས་དམག་ཡོངས་ཀྱི་སེམས་ནུས་ཚང་མ་དམག་རྒྱག་ཐོག་གཅིག་སྡུད་བྱེད་པ་དང་ལས་དོན་ཚང་མ་དམག་རྒྱག་ཐོག་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁ་ལེན་པའི་ནུས་པ་མགྱོགས་མྱུར་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་རང་རེའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

        ཕྱི་དྲོའི་ཆུ་ཚོད་4པར་ཞི་ཅིན་ཕིང་དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་དང་ཐོག་དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ་རེད།

        དེ་རྗེས། ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། དམག་ཨུད་ཀྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད། 

        ཞི་ཅིན་ཕིང་གིས། དེ་རིང་ང་དང་དམག་ཨུད་ཀྱི་ཚན་ཁག་འགོ་ཁྲིད་མི་སྣ་དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་ཡོང་དོན་ནི་སྐབས་གསར་པའི་དམག་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་ཆོད་སེམས་དང་རྣམ་འགྱུར་གསལ་པོ་སྟོན་ཆེད་ཡིན་ཞེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ལ་དམིགས་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱ་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ནས་དམག་བཙུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱེད་དགོས། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དཔུང་སྡེར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་རང་རྒྱལ་གྱི་བདེ་འཇགས་དུས་བབ་བརྟན་ལྷིང་མེད་པའི་རང་བཞིན་དང་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས་དམག་དོན་འཐབ་རྩོད་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེན་པོ་ཡོད། དམག་ཡོངས་ཀྱིས་དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་མཛད་ཕྱོགས་ལག་བསྟར། རྩ་བའི་ཚད་གཞི་འབའ་ཞིག་ཡིན་པའི་འཐབ་ནུས་མཐའ་འཁྱོངས། སེམས་ནུས་ཚང་མ་དམག་རྒྱག་ཐོག་གཅིག་སྡུད། ལས་དོན་ཚང་མ་དམག་རྒྱག་ཐོག་གཞོལ་བ། རྒྱལ་ཁ་ལེན་པའི་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ཡག་པོ་སྒྲུབ་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། དམག་ཨུད་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་འཐབ་ཇུས་བཀོད་འདོམས་ལག་བསྟར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། གནས་བབ་གལ་འགངས་ཆེ་ལ་འགན་འཁྲི་ཡང་ལྕི་པོ་ཡོད། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོ་བཅངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་ནུས་ཆེ་རུ་གཏོང་བ་དང་། དམག་དོན་འཐབ་རྩོད་ཀྱི་དངོས་ཡོད་ཀྱི་ཁ་གཏད་གཅོག་ནུས་ལ་ཤུགས་སྣོན་རྒྱག་པ། བཀོད་འདོམས་འཁོར་སྐྱོད་ཀྱི་ལག་ལེན་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྦད་དེ་ལྷག་བསམ་རྣམ་དག་དང་། དམག་རྒྱག་མཁས་པ། བཀོད་འདོམས་ཀྱི་ནུས་པ་ཆེ་བ། དམག་རྒྱག་ཕོད་ལ་རྒྱལ་ཁ་ཡང་ལེན་ཐུབ་པ་བཅས་ཀྱི་འཐབ་ཇུས་བཀོད་འདོམས་ཀྱི་སྒྲིག་གཞི་ཧུར་ཐག་བཏོད་དེ་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པའི་རང་རེའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

        ཀྲང་ཡིའུ་ཞ་དང་། ཧོ་ཝེ་ཏུང་། ལི་ཧྲང་ཧྥུ། ལིའུ་ཀྲེན་ལི། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་མཛད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1