༄༅།། ཕའེ་ཧུང་པོ་ཡི་རི་མོའི་བརྩམས་ཆོས་བདམས་བཀོད།

སྒྲོལ་མ་ཚེ་བརྟན་དང་དོན་གྲུབ་ཆོས་སྒྲོན་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-16




ཕའེ་ཧུང་པོ་ཡི་རི་མོའི་བརྩམས་ཆོས་བདམས་བཀོད།

སྒྲོལ་མ་ཚེ་བརྟན་དང་དོན་གྲུབ་ཆོས་སྒྲོན་གྱིས་བྲིས།

ཕའེ་ཧུང་པོས་པར་མཁོ་འདོན་བྱས།

▲ ཕོ་བྲང་པོ་ཏ་ལ།



        ཕའེ་ཧུང་པོ་ནི་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཡིག་གཟུགས་དང་རི་མོའི་ལས་རིགས་ཁྲོད་འཚར་ལོངས་མགྱོགས་པའི་མི་སྣ་ཞིག་རེད། ཁོང་གིས་ལོ་དྲུག་ནས་བཟུང་ཡི་གེ་སྦྱོང་འགོ་ཚུགས་པ་དང་ཡིག་གཟུགས་ཀྱི་རྨང་གཞི་ཟབ་མོས་ཁོང་གི་རི་མོའི་ཡོན་ཚད་ལ་རྨང་གཞི་བརྟན་པོ་བཞག །ཁོང་གི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་ལ་མང་ཚོགས་ཀྱིས་དགའ་བསུ་བྱེད་བཞིན་ཡོད་པ་དང་། ཁོང་གི་བརྩམས་ཆོས་ཁག་གཅིག་ཀྱང་རིན་གོང་མཐོན་པོའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་དུ་ཉར་ཚགས་བྱས་ཡོད།

        གླེང་རིན་ཡོད་པ་ཞིག་ནི། ཁོང་ནི་ཆེས་ཐོག་མའི་ཀྲུང་གོ་གསར་པའི་རྒྱལ་ཁབ་ཀྱི་གུས་ལུགས་སྒྱུ་རྩལ་སློབ་དཔོན་གྱི་མཚན་སྙན་ཐོབ་པའི་བོད་རིགས་ཀྱི་རི་མོ་ཡིན་ལ། མ་ཟད་ཀྲུང་གོའི་ཤུགས་རྐྱེན་ཆེ་བའི་མི་སྣའི་གཞི་གྲངས་མཛོད་དུ་བདམས་ཐོན་བྱུང་། ཡིག་གཟུགས་བརྩམས་ཆོས་ནི་ཕྱི་འབྲེལ་པུའུ་ཡིས་རྒྱལ་ཁབ་ཀྱི་གུས་ལུགས་ལེགས་སྐྱེས་སུ་གཏན་འཁེལ་བྱས་པ་དང་། རི་མོའི་བརྩམས་ཆོས་ནི་པཎ་ཆེན་བཅུ་པའི་ལྕམ་མོ་བདེ་ཆེན་དབང་མོ་ལགས་ཀྱིས་ཉར་ཚགས་བྱས་ཡོད།

        ཁོང་ལ་མངར་སྐྱུར་འཛོམས་པའི་མི་ཚེའི་ཉམས་མྱོང་དང་ཡར་རྩེར་སོན་པའི་རི་མོའི་སྒྱུ་རྩལ་ཡོད་ལ། ཁོས་ཐོག་མཐའ་བར་གསུམ་དུ་མི་དང་རང་བྱུང་ཁམས་བར་ཞིབ་མོ་བློ་ཡིས་དཔྱད་པ་དང་རྣོན་པོ་མིག་གིས་འཚོལ་ཞིབ་གནང་བཞིན་ཡོད། ཁོང་གིས་ཐུན་མོང་མ་ཡིན་པའི་སྨྱུག་གུ་སྤྱད་དེ་འགྲེལ་བཤད་དང་ཞིབ་བརྗོད་བྱས་ཡོད་པ་དང་། ལས་དེ་ལག་ལེན་བྱ་ཆོག་དང་མི་ཆོག་བར་ནས་རང་ཉིད་ཀྱི་བློ་སྦྱོང་དང་བསྟུན་ནས་རང་གིས་རང་ལ་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ཁོང་གི་བློ་སྦྱོང་གི་གསོག་འཇོག་ཁྲོད་ནས་རང་ཉིད་ཀྱི་མ་ལག་དང་ཁྱད་ཆོས་གྲུབ་ཡོད་ལ། ཁོང་གི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་ཀྱིས་མི་རྣམས་ཀྱི་མཐོང་ཆོས་ལ་ལོངས་སྤྱོད་བསྩལ་བ་མ་ཟད་ལྷག་པར་དུ་ནང་སེམས་ལ་མྱོང་ཚོར་མང་དུ་སྦྱིན་ངེས་སོ། །


▲ འབོ་གངས་དཀར།

▲ ཁ་བའི་འཇིག་རྟེན།

▲ ལྷ་སྒང་གི་འབྲོག་གླུ།

▲ གསེར་མདོག་གི་མི་ཉག

▲ རྒྱུ་ལ་ཕྲ་མོ།

▲ སྨུག་སྤྲིན་བརྟོལ་བའི་གཙང་པོ།

▲ གཙང་འགྲམ་གྱི་རྟ་ཕོ།

▲ ཟླ་འོད་འོག་གི་དག་ཞིང་།

▲ གངས་འདབས་ཀྱི་རས་གུར།

▲ ཞོགས་ཀའི་ཉི་ཟེར།

▲ རི་གྲོང་གི་དཔྱིད་དཔལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1