རྔ་བ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་119མེ་གསོད་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་སྤེལ།

ཛམ་དཀར་སྐྱབས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བ་རྫོང་སྨྱན་སྦྱོར་ལྟེ་གནས། སྤེལ་དུས། 11-16


        ཟླ་11པའི་ཚེས་9ཉིན།  རྔ་བ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་ཤིན་ཁྲིན་ཐང་ཆེན་ནས་མེ་གསོད་བདེ་འཇགས་ལེགས་པར་བསྒྲུབས་ཏེ་འཕེལ་རྒྱས་ལ་འགན་ལེན་བྱེད་ཅེས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

        བྱེད་སྒོ་སྤེལ་སྐབས་སུ།  མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་རྫོང་མཁོ་བསྟུན་དོ་དམ་དང་དྲིལ་སྒྲོག ། ཚོང་རའི་དོ་དམ།  སྡོད་ཁང་འཛུགས་སྐྲུན།  དཔལ་འབྱོར་ཆ་འཕྲིན་སོགས་ལས་ཁུངས་བཅུ་གཅིག་དང་མཉམ་འབྲེལ་བྱས་ཏེ།  ཤིན་ཁྲིན་ཐང་ཆེན་ནས་མེ་གསོད་ཤེས་བྱའི་བློ་འདྲིའི་སྟེགས་བུ་འཛུགས་པ་དང་སྤྱི་ཕན་དྲིལ་སྒྲོག་ཕོ་ཉའི་ཀློག་དེབ་བཀྲམ་སྟེ། ཞིང་འབྲོག་མང་ཚོགས་ལ་ཁྱིམ་ཚང་གི་མེ་གསོད་ཤེས་བྱ་དང་སྤྱི་བའི་ས་གནས་ཀྱི་མེ་གསོད་ཤེས་བྱ་སོགས་དྲིལ་བསྒྲགས་བྱས་པ་དང་། 119མེ་སྐྱོན་ཁ་པར་ཇི་ལྟར་གཏོང་དགོས་བ་དང་ཁྱིམ་ཚང་གི་རྒྱུན་མཐོང་མངོན་མེད་མེ་སྐྱོན་དང་མེ་གསོད་ཡོ་བྱད་བེད་སྤྱོད་བྱེད་སྟངས།  སོལ་རླངས་ཀྱི་མེ་སྐྱོན་དང་གློག་ཆས་ཀྱི་མེ་སྐྱོན་སོགས་མེ་ཁུངས་སྣ་ཚོགས་ལ་དམིགས་ཏེ་དེ་འབྲེལ་གྱི་མེ་འགོག་ཤེས་བྱ་དང་མེ་སྐྱོན་བྱུང་མ་ཐག་གི་མེ་གསོད་བྱེད་ཐབས་ངོ་སྤྲོད་བྱས།

        བྱེད་སྒོའི་ཉིན་མོར།  མེ་གསོད་དྲིལ་སྒྲོག་ཡིག་ཆ་300ལྷག་བཀྲམ་པ་དང་མང་ཚོགས་800ལྷག་ལ་ཕན་ཐོགས་ཡོད་པ་རེད།  119དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་སྤེལ་བ་ཡིས་མང་ཚོགས་ཀྱི་མེ་གསོད་བདེ་འཇགས་ཕྱོགས་ཀྱི་ཤེས་བྱ་ལ་རྒྱུས་ལོན་བྱུང་པ་མ་ཟད་མེ་གསོད་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་ཡང་རྟོགས་པས།  མེ་གསོད་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་སྔར་ལས་མཐོར་འདེགས་བྱུང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1