གསའ་གཟིག་གི་ཨ་མ། པེ་ཅིང་རང་བྱུང་ཁམས་སྲུང་སྐྱོང་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས།
གསའ་གཟིག་མ་བུ་གཉིས། པེ་ཅིང་རང་བྱུང་ཁམས་སྲུང་སྐྱོང་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས།
གསའ་གཟིག་གི་འདྲ་པར། པེ་ཅིང་རང་བྱུང་ཁམས་སྲུང་སྐྱོང་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས།
གསའ་གཟིག་ནི་འོ་འཐུང་སྲོག་ཆགས་གཟིག་གི་རིགས་ཤིག་ཡིན་ལ། སྤུ་མདོག་དཀར་ལ་སེར་ཞད་ཅན། ནག་ཐིག་གམ་གདུབ་རིས་བཀྲ་བ། མཇུག་མ་རིང་བ། ས་མཐོ་སའི་བྲག་གསེབ་སོགས་སུ་གནས་འཆའ་བ། སྤྱོད་ལམ་མྱུར་ལ་ཚོར་བ་གྲུང་ཞིང་རྒྱུག་པ་དང་མཆོང་རྩལ་ལ་མཁས་པ། གནའ་བ་དང་གླ་བ། བྱ་རིགས་སོགས་ཟས་སུ་བྱེད་པའི་གཅན་གཟན་ཞིག་ཡིན་ལ། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་(IUCN)རྩ་བརླག་ཏུ་འགྲོ་ཉེན་ཡོད་པའི་གཅན་གཟན་གྱི་གྲས་སུ་བགྲང་ཡོད་ལ། ཀྲུང་གོའི་རྒྱལ་ཁབ་གྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་གྲས་ཡིན།
མདོ་དབུས་མཐོ་སྒང་གི་ཆ་ཤས་སུ་གཏོགས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཕྲེད་བསྟར་རི་རྒྱུད་ཀྱི་བྱང་གི་མཚམས་ཏེ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་15.3ཡོད་པ་དང་མཚོ་འཕགས་སྨི་4000ཡན་གྱི་རི་ཁུལ་ནི་གསའ་གཟིག་དང་གསའ་གཟིག་གི་ཁ་ཟས་སུ་གྱུར་བའི་རྣ་ཡི་འཚོ་གནས་ཁྱབ་ཁོངས་རེད།
སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གི་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧུང་ཅ་ཡིས། ཚན་རིག་ཞིབ་འཇུག་ཁང་དང་སྲུང་སྐྱོང་རྩ་འཛུགས་སོགས་ལ་མཉམ་འབྲེལ་སྒོས་ཕྱི་རོལ་ནས་བརྟག་ཞིབ་དང་ཚད་ལེན་སོགས་བྱས་ཏེ། གསའ་གཟིག་ཞིབ་འཇུག་དང་སྲུང་སྐྱོང་གི་ནུས་ལྡན་གཞི་གྲངས་ཐོབ་པར་བྱ་རྒྱུ་ནི། མ་འོངས་པར་ང་ཚོའི་ལས་ཀ་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད། །