ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-22



ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུར།

དུས་རབས་གསར་པར་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་ཏེ།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་ཆེད་སྟོབས་ཤུགས་ཆེན་པོ་བསྡུ་དགོས་ཞེས་ནན་གསུང་གནང་།

ཧོང་ཆང་གིས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཐེན་ཞང་ལི་ཚོགས་འདུར་ཞུགས།

        སྤྱི་ཟླ11ཚེས14ཉིན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་ཅིང་། ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་པ་དང་། དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ནས་ཁྱབ་ཁོངས་ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་ཆེད་སྟོབས་ཤུགས་ཆེན་པོ་བསྡུ་དགོས་ཞེས་ནན་གསུང་གནང་བ་རེད།

        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་ཧོང་ཆང་གིས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་ཚོགས་འདུར་ཞུགས།

        ཝང་ཞའོ་ཧུའེ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གདིང་ཟབ་བླངས་ནས་དུས་རབས་གསར་པའི་སི་ཁྲོན་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཁ་ཕྱོགས་ཡང་དག་པ་སྟངས་འཛིན་ནན་པོ་བྱ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ང་ཚོའི་ཏང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་སྤྱི་ཚོགས་རིང་ལུགས་ དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་སྐྲུན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་བའི་ལས་འགན་གཙོ་བོར་དམིགས་ནས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཆེས་རྒྱ་ཆེ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་ཤིང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བྱས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུར་གསུང་བཤད་གལ་ཆེན་གནང་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་སྟེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་འཕེལ་རྒྱས་ཡོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་ཞིང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁོང་དུ་འཕྱུགས་མེད་ཆུད་པ་དང་། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་སྟངས་འཛིན་ཡང་དག་པ་བྱེད་ཅིང་། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་འགན་འཁྲི་ཁོང་དུ་ཡང་དག་ཆུད་པ་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འབྲེལ་བ་གལ་ཆེན་ཁོང་དུ་འཕྱུགས་མེད་ཆུད་པ།  དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གཙོ་ཤུགས་རྒྱག་ས་དང་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་བྱས་ནས། སི་ཁྲོན་འཐབ་ཕྱོགས་གཅིག་གྱུར་ལས་དོན་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས།

        ཝང་ཞའོ་ཧུའེ་ཡིས་བསྟན་དོན། ད་ཆར་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གང་ལེགས་བྱས་ཏེ་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་སི་ཁྲོན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞིང་ཆེན་ཏང་ཨུས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱེད་པ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་མོའི་གཙོ་དོན་སེམས་སུ་བརྟན་པོ་བཅངས་ཤིང་། དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ནས་ཁྱབ་ཁོངས་ཁག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དམ་འཛིན་ཏན་ཏིག་བྱས་པར་བརྟེན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལ་མཐུན་སྒྲིལ་དང་། འབད་འཐབ། གསར་གཏོད། འཁྲུག་ཆ་དོད་པའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། དུས་མཉམ་དུ་ད་ཆར་རང་རེའི་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གནས་ཚུལ་གསར་པ་དང་འགྲན་སློང་གསར་པ་མང་པོ་འཕྲད་ཡོད་པ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་ཡུལ་གྱི་གྲུབ་ཚུལ་ལ་འགྱུར་ལྡོག་གསར་པ་བྱུང་ཞིང་། བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་ལྷིང་གི་ལས་འགན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བ། འཐབ་ཕྱོགས་གཅིག་གྱུར་གྱི་ཉེན་ཁ་སྣེ་མང་ཞིང་ཁྱབ་རྒྱ་ཆེ་བ། དྲྭ་ཐོག་དང་དྲྭ་ཕྱི་མཉམ་འདྲེས་ཧ་ཅང་མགྱོགས་པ་སྔར་བྱུང་མ་མྱོང་བ་ཡིན་པ་ཡང་མཐོང་ཐུབ་དགོས། ང་ཚོས་གནས་ཚུལ་གསར་པ་དང་འགྲན་སློང་གསར་པ་དེ་དག་ལ་ངོས་ལེན་དང་ཞིབ་འཇུག་བྱ་དགོས་ཤིང་། མི་འདང་ས་དང་ཞན་ཆ་མགྱོགས་པ་གསབ་ཅིང་ལེགས་བཅོས་ལས་དོན་བསྐུལ་ཏེ་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་དགོས།

        ཝང་ཞའོ་ཧུའེ་ཡིས་བསྟན་དོན། ལྷོད་གཡེང་སྤུ་ཙམ་མེད་པའི་སྙིང་སྟོབས་ཀྱིས་གཙོ་གནད་ལས་འགན་དོན་ཐོག་འཁྱོལ་པ་དམ་དུ་བཟུང་སྟེ་སི་ཁྲོན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས། དུས་རབས་གསར་པའི་ཏང་མང་མཉམ་ལས་སྔར་བས་ཚད་ལྡན་དང་གོ་སྒྲིག་ལྡན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཡོང་བ་དང་དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་ཆབ་སྲིད་གྲོས་མོལ་ལ་ཞུགས་པ་དང་དམངས་གཙོའི་ལྟ་སྐུལ་རང་རྟོགས་ཀྱིས་དང་དུ་ལེན་པ་རྒྱབ་སྐྱོར་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུས་གཙོ་གནད་བྱས་ཏེ་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ་ཁྱོན་ཡོངས་ནས་སྐུལ་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བའི་དཔེ་སྟོན་གསར་འཛུགས་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་ཡོང་བ་བྱ་དགོས། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་གཅིག་ཏུ་རྒྱུན་འཁྱོངས་ཏེ་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབས་ནས་ཆོས་ལུགས་ལས་དོན་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་དགོས། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་རྒྱག་པ་དང་། ཁོ་ཚོས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་བྱས་རྗེས་འཇོག་པ་དང་། བཅོས་བསྒྱུར་གསར་གཏོད་ཀྱི་ལས་ཡུལ་དུ་ཧུར་ཐག་ཞུགས་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབས་ནས་གཞུང་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་གཞུང་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་དང་། དམངས་གཉེར་དཔལ་འབྱོར་མི་སྣའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་། དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་མི་སྣ་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་ཅིང་། ལས་སྟེགས་དེ་བས་མང་པོ་བསྐྲུན་ཏེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཞབས་འདེགས་ཞུ་དགོས། མི་སེམས་འགུགས་པར་དམིགས་ཏེ་ཀང་ཨའོ་ཐའེ་དང་ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་ཕྱིར་སྡོད་རང་མིའི་ལས་དོན་ཡག་པོ་བསྒྲུབ་དགོས། དྲྭ་ཐོག་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གསར་གཏོད་ངང་སྤེལ་ནས་དྲ་བའི་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དགོས།

        ཝང་ཞའོ་ཧུའེ་ཡིས་ནན་གསུང་གནང་དོན། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་བརྒྱབ་ནས་རང་རེའི་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བཀོད་བབ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་དགོས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་། སྡེ་ཚན་ཁག། ལས་ཁུངས་ཁག་གིས་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་འགྲིལ་ཤུགས་ཆེན་པོ་ཆགས་པར་བྱ་དགོས། རིམ་ཁག་ཏང་ཨུ(ཏང་ཚན་ཁག)ཡིས་བྱེད་པོའི་འགན་འཁྲི་བསྒྲུབས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་གཟུད་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚོ་ཆུང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་དང་། མཐུན་སྦྱོར་ཁྲིད་སྟོན། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཇུས་འདོན་དང་། སྒྲིག་འཛུགས། མཐུན་སྦྱོར། ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པས་ཏང་གཤིས་སྲ་ཞིང་བརྟན་པ་དང་། ནུས་པ་ཉམས་སད་ཐེག་ཐུབ་པ། ཤེས་ཡོན་ཕུན་སུམ་ཚོགས་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སྤུས་ཚད་མཐོན་པོས་ལས་དོན་ཁག་ལ་སྐུལ་ཞིང་འདེད་དགོས། གཞི་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྔར་བས་མངོན་གསལ་དོད་པའི་གནས་སུ་བཞག་ནས་གཞི་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་མཐུན་སྒྲིལ་ཁྲིད་སྟོན་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་གལ་ཆེན་འདོན་སྤེལ་སྔར་བས་ཡག་པོ་བྱ་དགོས། ཏང་ཕྱིའི་འཐུས་ཚབ་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་ལས་ཀ་ཡག་པོ་བསྒྲུབ་དགོས།

        ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲའོ་ཅུན་མིང་གིས་ཚོགས་འདུ་ཐེངས་གཉིས་པར་ལས་དོན་བཀོད་སྒྲིག་གནང་བ་རེད། ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་གྲོང་ཁྱེར(ཁུལ)ཁག་ཏུ་འཚོགས་ཤིང་། ཞིང་ཆེན་གྱི་མགོ་ཁྲིད་ལི་ཡུན་ཙེ་དང་། ཁྲེན་ཝུའེ། ཅིན་ལེ། ཝང་ཉིང་། ཧུའུ་ཡུན། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཀྲུང་དབྱང་གི་སི་ཁྲོན་དུ་ཡོད་པའི་སྡེ་ཚན་གྱི་བློ་མཐུན་འགན་འཁུར་བ་ཁག་ཅིག་བཅས་ཚོགས་ར་གཙོ་བོར་ཞུགས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1