དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-23


        ཉེ་ཆར། དཀར་མཛེས་་ཁུལ་ནང་བསྟན་མཐུན་ཚོགས་ཁོངས་གཏོགས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

        གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཁུལ་དང་རྫོང(གྲོང་ཁྱེར)ནང་བསྟན་མཐུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་པ་དང་། ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཚོགས་འདུ་དང་། ཀྲི་པུའུ་ཡི་ཆེད་དོན་སློབ་སྦྱོང་ཚོགས་འདུ། བརྗོད་བྱ་གཙོ་བོའི་སྙན་སེང་ཚོགས་འདུ། ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པའི་སློབ་སྦྱོང་ཚོགས་འདུ་བཅས་དང་གཅིག་སྡུད་སློབ་སྦྱོང་དང་། ཟུར་ཁྲིད་སློབ་སྦྱོང་། སྒེར་གྱི་རང་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཇི་མ་ཇི་བཞིན་སློབ་སྦྱོང་དང་། ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་། རྒྱུན་སྲིང་ངང་སློབ་སྦྱོང་གཏིང་ཟབ། གཙོ་གནད་སློབ་སྦྱོང་འབུར་ཐོན། རྒྱུད་རིམ་ལྡན་པའི་ཕྱོགས་ཡོངས་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བཅས་བྱ་དགོས།“མཐུན་ཚོགས་སྤྱི་སྟེགས”དང“ནང་བསྟན་མཐུན་ཚོགས་ཀྱི་ལས་ཀའི་འཕེལ་ཕྱོགས”“འཕྲིན་སྦྱོར་གསུམ་དང་བཀོལ་སྣེ་གཅིག”སོགས་ཀྱི་འཕྲིན་སྦྱོར་གང་ལེགས་སྤྱད་དེ་ཁུལ་དང་རྫོང(གྲོང་ཁྱེར)གི་ཚོགས་པའི་སྟོབས་ཤུགས་དང་ཐོན་ཁུངས་གཞི་རིམ་དུ་ཟབ་འཇུག་བྱས་ཤིང་། ཞིང་སྡེ་དང་འབྲོག་ཁུལ། དགོན་སྡེ། གྲྭ་བཙུན་བཅས་ལ་གོ་བདེ་ཤེས་སླའི་སྐད་ཡིག་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་གཙོ་བོ་དང་། དོན་སྙིང་གཙོ་བོ། ངོ་བོའི་བླང་བྱ་བཅས་གསལ་པོ་ཤོད་པ་དང་གསལ་པོ་ཤོད་ཐུབ་པ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས། ལས་གནས་ལ་གཞི་ཚུགས་པ། རང་འཁྲིའི་ལས་འགན་དང་ཟུང་འབྲེལ་བྱས། གཙོ་འགན་འཁུར་བ། རང་འཁྲིའི་ལས་ཀ་དམ་འཛིན་ཏན་ཏིག་བྱས། ལས་ཁུངས་ཀྱི་ཟམ་པ་དང་། སྦྲེལ་ཐག། ཞབས་ཞུ། ཁྲིད་སྟོན་སོགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས།“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དགོན་སྡེ་དང་ཚོགས་པར་སྤེལ་བའི”སྒྲོག་འགྲེལ་ལས་ཀ་སྒྲིག་འཛུགས་ནན་ཏན་བྱེད་པ་དང་། དེ་བཞིན་མཐུན་ཚོགས་ཀྱི་སྐབས་བརྗེ། དཔྱད་གླེང་ཚོགས་འདུ།“དགོན་སྡེའི་ལོ་རྒྱུས”ཞུ་བཤེར། རིམས་ནད་འགོག་ཟོན། བདེ་འཇགས་ཐོན་སྐྱེད། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད། “མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྱིམ་ཚང་དུ་སྤེལ་བའི“ལག་ལེན་དངོས་ཀྱི་བྱ་སྤྱོད་སོགས་གཙོ་གནད་ལས་དོན་ཏན་ཏིག་སྒྲུབ་པ་དང་། ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཞིབ་ཕྲའི་ལས་དོན་དང་ལག་ལེན་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་གསར་པ་འཛུགས་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

        ཁུལ་ནང་བསྟན་མཐུན་ཚོགས་ཆོས་ལུགས་དོ་དམ་པུའུ་དང་སློབ་གསོ་གསོ་སྦྱོང་པུའུ་ཡི་འགན་འཁུར་བ་དང་། དར་མདོ་དང་། ཉག་ཆུ་ཁ། ལི་ཐང་། འབའ་ཐང་། དཀར་མཛེས། སེར་ཤུལ་བཅས་རྫོང(གྲོང་ཁྱེར)6གི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཐད་མྱོང་ཚོར་གླེང་བ་དང་བསམ་ཚུལ་བརྗེ་རེས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1