རང་རྒྱལ་གྱིས་ཕྱོགས་ལྔ་ནས་ཞིང་པ་ལས་མིའི་ལས་ཞུགས་ལས་གཏོད་ལ་སྔར་བས་རྒྱབ་སྐྱོར་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-23



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ལས་ཞུགས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་ཆེད། ཚེས་18ཉིན། མི་སྤྱི་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་ལྔས《ཞིང་པ་ལས་མིའི་ལས་ཞུགས་ལས་གཏོད་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཁྱབ་བསྒྲགས་བྱས་ནས། ཞིང་པ་ལས་མི་དང་དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཕྱོགས་ལྔ་ཁ་གསལ་བཏོན་པ་སྟེ།

        གཅིག་ནས་ཞིང་པ་ལས་མིའི་ལས་ཞུགས་ལས་གནས་བརྟན་པོར་རྒྱབ་སྐྱོར་བྱས་ནས། སྤྱི་ཚོགས་འགན་བཅོལ་དངུལ་འགྱངས་འཇལ་དང་། ལས་གནས་བརྟན་དུ་གཏོང་བའི་དངུལ་ཕྱིར་སློག་བྱེད་པ། ལས་ཉར་གསོ་སྦྱོང་གི་ཁ་གསབ་དངུལ་སྤྲོད་པ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དངུལ་སྤྲོད་པ་སོགས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཞིང་པ་ལས་མི་ལས་ཞུགས་གཅིག་སྡུད་ཆེ་བའི་ཨར་ལས་དང་། བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས་བཅས་ཀྱི་ཁེ་ལས་དཀའ་གནད་ལས་གྲོལ་བར་གཙོ་གནད་རྒྱབ་སྐྱོར། གནས་སྐབས་ལས་མཚམས་བཞག་པའི་ཁེ་ལས་དང་ལས་བཟོ་དཀོན་པའི་ཁེ་ལས་སྒྲིག་འཛུགས་ཀྱིས་ལས་མི་བཀོལ་སྤྱོད་སྙོམ་སྒྲིག་བཅས་བྱས་ཏེ་ལས་མི་མཉམ་སྤྱོད་བྱེད་རིང་གི་ངལ་རྩོལ་བའི་ཁེ་དབང་འགན་ལེན་ཡག་པོ་བྱ་རྒྱུ་དང་།

        གཉིས་ནས་ཞིང་པ་ལས་མི་གོ་རིམ་ལྡན་པའི་ངང་གླ་པར་འགྲོ་བར་ཁྲིད་སྟོན་བྱས་ནས། ས་ཁོངས་ཀྱི་ངལ་ནུས་མཉམ་སྒྲུབ་མནའ་འབྲེལ་འཚོལ་ཞིབ་ཀྱིས་འཛུགས་པ་དང་། ས་ཁོངས་སྒྲོལ་བའི་ལས་ཞུགས་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞིང་པ་ལས་མི་དང་དབུལ་སྒྲོལ་མི་འབོར་སྐྱོད་ཚད་ཅུང་མང་བའི་གྲོང་ཁྱེར་དང་རྫོང་དང་། གྲོང་གསེབ། ལས་ཞུཌ་གཅིག་སྡུད་ཆེ་ཁུལ་བཅས་སུ་ལས་ཞུགས་ཞབས་ཞུའི་ས་ཚིགས་ལུགས་མཐུན་འཛུཌ་པ། ཞིང་པ་ལས་མི་སྒྲིག་འཛུགས་བྱས་ནས་ཕྱིར་གླ་པར་སྐྱོད་ཚད་ཅུང་མང་བ་དང་ཕན་འབྲས་ཅུང་ལེགས་པའི་མི་ཤུཌ་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞིར་གཏན་འབེབས་ལྟར་ལས་ཞུཌ་ལས་གཏོད་ཀྱི་ཞབས་ཞུའི་ཁ་གསབ་དངུལ་སྤྲོད་པ་བཅས་བྱ་རྒྱུ།

        གསུམ་ནས་ཞིང་པ་ལས་མི་ཐག་ཉེ་སར་ལས་ཞུགས་ལས་གཏོད་ཐུབ་པར་སྐུལ་འདེད་བཏང་ནས། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། རྫོང་ཁོངས་ཀྱི་ལས་ཞུགས་ཀྱི་ཐེག་ནུས་ཆེ་རུ་གཏོང་བ། རྒུད་གསབ་ལས་སྤྲོད་ལག་བསྟར་ཤུགས་ཆེན་བྱེད་པ། ངལ་ནུས་གླ་ཆ་སྤྲོད་ཁྱོན་ཆེ་རུ་གཏོང་གང་ཐུབ། ལས་གཏོད་ཞབས་ཞུའི་རིགས་གཅིག་མཁས་ཅན་གྱི་དཔུང་ཁག་ཁག་གཅིག་འཛུགས་པ་བཅས་བྱས་ཏེ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ཞིང་པ་ལས་མིར་ཆེད་ལས་ཅན་གྱི་ཞབས་འདེགས་ཞུ་རྒྱུ།

        བཞི་ནས་ཞིང་པ་ལས་མིའི་ལས་ཞུགས་ཞབས་འདེགས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཤོར་ཞིང་པ་ལས་མི་རྒྱུན་དུ་སྡོད་ས་དང་། ལས་ཞུགས་བྱེད་ས། འགན་བཅོལ་ལ་ཞུགས་ཡུལ་བཅས་སུ་ལས་ཤོར་ཐོ་འགོད་བྱ་ཆོག་པ་དང་། གཞི་རྩའི་སྤྱི་པའི་ལས་ཞུགས་ཞབས་འདེགས་འདྲ་མཉམ་ངང་ཞུ་བ། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ཞིང་པ་ལས་མི་ལས་ཞུགས་གཅིག་སྡུད་ཆེ་ཁུལ་དུ་ངལ་རྩོལ་ཁེ་དབང་སྲུང་སྐྱོང་གི་བློ་འདྲིའི་ཞབས་ཞུའི་ས་ཚིགས་འཛུགས་པར་རྒྱབ་སྐྱོར། ཁེ་ལས་ཀྱིས་ལོ་ཚད་ལ་ཁ་གཡར་ཏེ“གཅིག་དཔེ་བརྒྱ་འགེབས”ཀྱིས་ལོ་ན་མཐོ་བའི་ཞིང་པ་ལས་མི་ཕྱིར་སློག་མི་བྱེད་པར་མཛུབ་ཁྲིད་བཅས་བྱས་ཏེ། ལས་ཞུགས་ཀྱི་དགོས་མཁོ་ཆེ་བའི་ལོ་ན་མཐོ་བའི་ཞིང་པ་ལས་མིར་སྤྱི་པའི་ལས་ཞུགས་ཞབས་འདེགས་རིན་མེད་ངང་ཞུ་རྒྱུ།

        ལྔ་ནས་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་ལས་ཞུགས་ཀྱི་དཀའ་གནད་སྒྲོལ་བའི་བྱ་སྤྱོད་ལག་བསྟར་བྱས་ནས། དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་དང་ལས་ཤོར་ལ་ལྟ་ཞིབ་ཚད་ལེན་ཡག་པོ་དང་། སྔོན་ལ་ལས་ཞུགས་ཀྱི་རོགས་སྐྱོར། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་དང་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ཁུལ་ཆེ་གྲས་ལ་ཕྱོགས་པའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ད་ཡོད་ཀྱི་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སྣ་ཚོགས་ལ་སྤྱི་འདོམས་བྱས་ནས་བེད་ཡག་པོ་སྤྱོད་པ། ད་ཡོད་ཀྱི་གཏན་འབེབས་ཕུད་པའི་ལོ་ཚད་ལོགས་སུ་བཟོ་བ་སོགས་དགོས་མེད་ཀྱི་ཚོད་འཛིན་ཆ་རྐྱེན་བཟོ་མི་ཆོག་པ། ཉིན་གང་ལམ་ལུགས་མིན་པའི་ལས་གནས་སུ་ལས་ཀ་བྱེད་མཁན་ཚོས་དེ་མིན་གྱི་སྟབས་བསྟུན་ལས་ཞུགས་བྱ་ཆོག་པ་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1