མཚོ་སྔོན་མགོ་ལོག་ཏུ་རྐྱང་ཁྱུ་གཤར་བཞིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-24


        ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་ས་གནས་དེ་གའི་པར་ལེན་མཁན་གྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པའི་རྐྱང་ཁྱུ་ཞིག་གངས་ཀླུང་ན་གཤར་བཞིན་པའི་རྣམ་པ་པར་ལེན་བྱས་འདུག

        པར་རིས་ནང་རྐྱང་བརྒྱ་ཕྲག་ཁ་ཤས་རུ་བསྟར་བསྒྲིགས་ནས་མུ་མཐའ་མེད་པའི་གངས་ཀླུང་ན་གཤར་བཞིན་པ་དང་། དེ་དག་སྐབས་འགར་དལ་མོར་སྐྱོད་པ་དང་། སྐབས་འགར་འདུར་རྒྱུག་བྱེད་པས་ངོ་མ་འདྲེན་བྱེད་ཡུལ་གྱི་སྟོན་མོ་ཞིག་རེད་ཨང་།

        རྐྱང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཤིག་ཡིན། གཙོ་བོ་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཐང་རྒོད་ས་ཁུལ་དུ་འཚོ་བ་སྐྱེལ་གྱི་ཡོད་ཅིང་བང་རྩལ་ལྡན་པ་འབའ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་རྐྱང་དང་ཤྭ་བ་མཆུ་དཀར་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་གང་སར་མཐོང་རྒྱུ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1