ཉེ་དུས། རང་རྒྱལ་གྱི་མཁས་པས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཏོག་གསར་གློ་ཚད་མཆེད་ནས་ལོ་གཉིས་ལྷག་འགོར་བའི་རྗེས་ལ། སྡོད་བཅོས་ནད་པ55%ལ་སྔར་བཞིན་གཞུག་སྐྱོན་ཡོད་པ་དང་། དེའི་ནང་དུ་ཐང་ཆད་པ་དང་ཤུགས་མེད་པ། དབུགས་ལེན་དཀའ་བ། གཉིད་མི་ཡོང་བ་སོགས་འདུས་པ་རེད། ཞིབ་འཇུག་མང་བོ་བྱས་པ་ལས་བལྟས་ན། པྲོག་གསར་གློ་ཚད་ཕོག་པ་དྲག་སྐྱེད་བྱུང་བའི་མི་ལ་མཚོན་ན། གོང་གསལ་གྱི་ནད་རྟགས་དེ་ཚོ་ནི་རང་དགར་བྱུང་བ་ཞིག་མིན་པ་དང་། དེ་དག་ནི་གློ་བ་དང་ཀླད་པ། སྙིང་། ཐ་ན་མཆིན་པ་སོགས་ཀྱི་དོན་སྣོད་ལ་གནོད་སྐྱོན་ཐེབས་རྗེས་ཀྱི་མངོན་རྟགས་ཡིན་པ་རེད།
གཅིག གློ་བ་ཚིན་འགྱུར།(肺纤维化)
འབྱིན་རྔུབ་མ་ལག་ནི་ཏོག་གསར་གློ་ཚད་ཀྱི་ནད་དུག་གིས་གཙེས་པར་བྱ་ཡུལ་གཙོ་བོ་ཡིན། རང་རྒྱལ་གྱི་སྐབས་བསྟུན་འདྲི་རྩད་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་ཕོག་པའི་ཟླ་བ་དྲུག་གི་རྗེས་ལ། ནད་པ་ཕྱེད་ཀ་ཙམ་གྱི་བྲང་གཞོང་དུ་ཉུང་མཐར་ཡང་རྒྱུན་ལྡན་མིན་པའི་གནས་ཚུལ་གཅིག་ཡོད་པ་རེད། ནད་བབ་ལྕི་བ་དང་སྡོད་བཅོས་ནད་པ་དྲག་སྐྱེད་བྱུང་རྗེས། འབྱིན་རྔུབ་དང་འབྲེལ་བའི་གཞུག་སྐྱོན་སྔར་ལས་འབྱུང་སླ་བ་དང་། ཐ་ན་གློ་བའི་ཞིག་གསོ་ཚད་ལས་བརྒལ་ན་རྨ་རྗེས་འདུག་པའི་མི་ཚད། ཟློག་ཐབས་མེད་པའི་གློ་བ་ཚིན་འགྱུར་བྱུང་ནས་དབུགས་གཟུགས་བརྗེ་རེས་ཀྱི་ནུས་པ་ཇེ་ཞན་དུ་གཏོང་བ་རེད།
གཉིས། ཀླད་པ་འཁུམས་པ།(大脑萎缩)
ཏོག་གསར་གློ་ཚད་ཀྱི་ནད་དུག་གིས་ད་དུང་ཀླད་པའི་ཕྲ་ཕུང་ཡང་གསོད་པ་ཡིན། ཉིའུ་ཅིན་སློབ་ཆེན་གྱིས་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་གིས་ཀླད་པའི་བོངས་ཚད་ལ་ཆ་སྙོམས0.2%ནས2%ཙམ་འཁུམས་པར་བྱེད་ཐུབ་པ་དང་། དེ་ནི་ལོ1ནས10ཙམ་སྔ་མོ་ནས་རྒས་པར་བྱས་པ་དང་མཚུངས། དེའི་ཞོར་དུ། སྣོམ་ཚོར་པགས་རིམ་ཁ་ཤས་ལ་གནོད་སྐྱོན་ཐེབས་པ་དང་པགས་རིམ་མཐུག་ཚད་ཇེ་ཆུང་དུ་གྱུར་པ་ལས། མགོ་ན་བ་དང་བློ་རྩེ་གཅིག་སྒྲིམ་བྱེད་མི་ཐུབ་པ། སྣ་དབང་དང་ལྕེ་དབང་ཉམས་པ་སོགས་བསྐྱེད་པ་དང་། ནད་བབ་ཡང་བའི་ནད་པའི་རིགས་ཡིན་ནའང་། སྣང་ཚུལ་དེ་འདྲ་འབྱུང་བ་རེད།
གསུམ། ཁྲག་རྡོག་གམ་ཡང་ན་ཁྲག་འཛག་པ།
ཏོག་གསར་གློ་ཚད་ནི་གཏིང་ངོས་སྡོད་རྩ་ཁྲག་རེང(深静脉血栓)དང་གློ་བ་རེང་འགགས།(肺栓塞) ཁྲག་འཛག་པ་བཅས་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཡིན། པྲོག་གསར་གློ་ཚད་ཕོག་པའི་ནད་པ་ཁྲི100ལྷག་ལ་བརྟག་དཔྱད་བྱས་པ་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་ཕོག་རྗེས། གཏིང་ངོས་སྡོད་རྩ་ཁྲག་རེང་གི་ཉེན་ཁ་ལྡབ5ཡིས་ཇེ་མང་དང་། གློ་བ་རེང་འགགས་ཀྱི་ཉེན་ཁ་ལྡབ33གྱིས་ཇེ་མང་། རྒྱུན་ལྡན་གྱི་ཁྲག་འཛག་པའི་ཉེན་ཁ་ལྡབ2ཀྱིས་ཇེ་མང་བཅས་ལ་འགྲོ་བ་རེད། ནད་བབ་ཡང་བའི་ནད་པའི་རིགས་ཡིན་ནའང་། གཏིང་ངོས་སྡོད་རྩ་ཁྲག་རེང་གྲུབ་པའི་ཉེན་ཁ་ལྡབ3གྱིས་ཇེ་མང་ཡིན་པ་དང་། གློ་བ་རེང་འགགས་ཀྱི་ཉེན་ཁ་ལྡབ7གྱིས་ཇེ་མང་ཡིན་པ་རེད།
བཞི། མཁལ་མའི་ནུས་པའི་བཅུ་ཆའི་གསུམ་ཉམས་པ།
མཁལ་མ་ནི་པྲོག་གསར་གློ་ཚད་ཀྱི་ནད་དུག་གིས་གནོད་སྐྱོན་བཟོ་བའི་དོན་སྣོད་ཅིག་ཡིན། ཨ་རིའི་ཚན་རིག་པས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་རྗེས། སྡོད་བཅོས་ནད་པ32%ལ་དོས་དྲག་མཁལ་མའི་གནོད་སྐྱོན་བྱུང་བ་དང་། དྲག་སྐྱེད་བྱུང་བའི་ནད་པ་ཕྱེད་ཀ་ཙམ་གྱི་མཁལ་མའི་ནུས་པ་སླར་གསོ་ཆ་ཚང་བྱུང་མེད་ཅིང་། ཐ་ན་བསྟུད་མར་ཇེ་སྡུག་ལ་འགྲོ་སྲིད་པ་རེད། པྲོག་གསར་གློ་ཚད་ཕོག་རྗེས་ཀྱི་ཟླ་བ་དྲུག་གི་ནང་ལ། མཁལ་མའི་ནད་འབྱུང་བའི་ཉེན་ཁ35%ཡིས་ཇེ་མང་དུ་སོང་ཡོད་པ་དང་། དབང་པོའི་ནུས་པ་ཡི་བཅུ་ཆའི་གསུམ་ཉམས་པའི་ཉེན་ཁ25%ལས་མཐོ་བ་རེད།
ལྔ། གཅིན་པ་མངར་འགྱུར་གྱི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེ་ཡིན་པ།
ཏོག་གསར་གློ་ཚད་ཕོག་ནས་དྲག་སྐྱེད་བྱུང་བའི་མི་ལ་གཅིན་པ་མངར་འགྱུར་གྱི་ནད་འབྱུང་བའི་ཉེན་ཁ་ནི་པྲོག་གསར་གློ་ཚད་ཕོག་མྱོང་མེད་པའི་མི་དང་བསྡུར་ན40%ཡིས་མཐོ་བ་དང་། གལ་ཏེ་ཚོན་པོ་ཡིན་པ་དང་རྙིང་ཚབ་གསར་བྱེད་ཀྱི་ཕྱོགས་བསྡུས་ནད་རྟགས་ཡོད་པ་སོགས་ཀྱི་ཉེན་ཁའི་རྒྱུ་རྐྱེན་ལྡན་ན། པྲོག་གསར་གློ་ཚད་ཀྱི་ནད་དུག་གིས་གཅིན་པ་མངར་འགྱུར་གྱི་ནད་འབྱུང་བའི་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བ་རེད།
ཏོག་གསར་གློ་ཚད་ཕོག་པ་དྲག་སྐྱེད་བྱུང་བའི་མི་ལ། ད་དུང་སྐྲ་བྱི་བ་དང་པགས་འབྲུམ་འབྱུང་བ། གཉིད་མི་ཡོང་བ། སྙིང་འཕར་ནས་བྲང་གཞོང་ན་བ། མཆིན་པ་ལ་གནོད་སྐྱོན་ཐེབས་པ་སོགས་ཡོད་པ་དང་། མི་གསུམ་ཆའི་གཅིག་ཙམ་ལ་པྲོག་གསར་གློ་ཚད་ཕོག་རྗེས་ཀྱི་ལོ་ཕྱེད་ཀའི་ནང་དུ། ཡིད་མུག་པ་དང་སེམས་འཚབ་པ་སོགས་འབྱུང་བ་རེད།