༄༅།།ཁམས་མི་ཉག་ཡུལ་གྱི་མིང་ཆིང་དུས་ཀྱི་མཁར་རྫོང་ནང་གི་ལྡེབས་རིས་རྙིང་པ་ཁག་ཅིག།

དཀོན་མཆོག་རྡོ་རྗེ་དང་དབང་ཆེན་གྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་མེ་ལོང་དྲ་བ་ལས་དྲངས། སྤེལ་དུས། 11-29


དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་རྫོང་དང་།  དར་མདོ་གྲོང་ཁྱེར་གྱི་མཁར་རྫོང་གི་ལྷ་ཁང་བཅུའི་ནང་དུ་ལྡེབས་རིས་རྙིང་པ་མང་དག་ད་དུང་ཉར་ཚགས་བྱས་འདུག  ། པེ་ཅིན་ཕོ་བྲང་དངོས་མང་བཤམས་སྟོན་ཁང་གི་ཆེད་མཁས་པ་ལའོ་ཝུན་ཧྭ་སོགས་ཆེད་མཁས་པས་ལོ་15པའི་སྔོན་ནས་མཁར་རྫོང་ནང་གི་ལྷ་ཁང་ལྔའི་ལྡེབས་རིས་ནི་མིང་དུས་རབས་ཡིན་པར་ངོས་འཛིན་གནང་། གཞན་དག་གི་ལྡེབས་རིས་ནི་ཕལ་ཆེར་དུས་རབས་16པའི་མཇུག་ནས་19པའི་བར་ཙམ་ཡིན་ 2018ལོའི་ཟླ་བ་4པའི་ཚེས་19ཉིན་ནས་ཚེས་22ཉིན་བར་ང་ཚོ་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱི་ཁྲིད་སྟོན་དང་། མདོ་འཛིན་པ་འཆི་མེད་དབང་མོའི་རོགས་སྐྱོར་འོག་སྔོན་རྗེས་སུ་བརྒྱད་ཟིལ་རྫོང་ཐང་འགོ་ཡུལ་ཤོག་གི་གྲོང་འགོའི་མཁར་རྫོང་ལྷ་ཁང་དང་།  དར་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་ཝ་ཡོད་གྲོང་སྡེ་སྤྱིའི་ལྷ་ཁང་དང་བར་ཚེ་ལྷ་ཁང་། གཞིས་ཀ་ལྷ་ཁང་།  ཁྲོད་རྒྱུད་སྟོད་པའི་ཁབ་རྒྱལ་ལྷ་ཁང་།  དངུལ་སྦ་རོང་གྲོང་སྡེ་གཉིས་པའི་མི་གླིང་ལྷ་ཁང་དང་བྲིས་མཁས་ལྷ་ཁང་།  བོན ་པོ་གཤིས་ཡུལ་ཤོག་གི་རི་མཐོན་གྲོང་སྡེའི་སྤྲུལ་པ་ལྷ་ཁང་།   སྐྱ་གད་ཡུལ་ཤོག་གི་ཨ་བརྒྱ་སྟོད་པའི་ལྕམ་འཛར་ལྷ་ཁང་།  འགག་པ་ཡུལ་ཤོག་གི་ཐ་རག་ལྷ་ཁང་སོགས་སུ་སོང་ནས་ལྡེབས་རིས་རྙིང་པ་དེ་དག་པར་དུ་བླངས་པ་ཡིན།

དུས་རབས་༡༤པའི་དུས་མཇུག་ནས་༡༦པའི་དུས་འགོའི་བར་གྱི་ལྡེབས་རིས།

བརྒྱད་ཟིལ་རྫོང་ཐང་འགོ་ཡུལ་ཤོག་གི་གྲོང་འགོའི་མཁར་རྫོང་ལྷ་ཁང་།

དར་མདོ་གྲོང་ཁྱེར་སྐྱ་གད་ཡུལ་ཤོག་གི་ཨ་བརྒྱ་སྟོད་པའི་ལྕམ་འཛར་ལྷ་ཁང་།

དར་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་ཁྲོད་རྒྱུད་སྟོད་པའི་ཁབ་རྒྱལ་ལྷ་ཁང་།

དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་གི་ཐ་རག་ལྷ་ཁང་།

དར་མདོ་གྲོང་ཁྱེར་ས་བདེ་གྲོང་པའི་གཞིས་ཀ་ལྷ་ཁང་།

2

དུས་རབས་༡༦པའི་དུས་མཇུག་ནས་༡༩པའི་བར་གྱི་དུས་ལྡེབས་རིས།

དར་མདོ་གྲོང་ཁྱེར་བོན་པོ་གཤིས་ཡུལ་ཤོག་གི་རི་མཐོན་གྲོང་སྡེའི་སྤྲུལ་པ་ལྷ་ཁང་།

དར་མདོ་གྲོང་ཁྱེར་ས་བདེ་ཡུལ་ཤོག་གི་དངུལ་སྦ་རོང་གྲོང་སྡེ་གཉིས་པའི་མི་གླིང་ལྷ་ཁང་།

དར་མདོ་གྲོང་ཁྱེར་ས་བདེ་ཡུལ་ཤོག་དངུལ་སྦ་རོང་གྲོང་སྡེ་གཉིས་པའི་བྲིས་མཁས་ལྷ་ཁང་།

དར་མདོ་གྲོང་ཁྱེར་ས་བདེ་ཡུལ་ཤོག་གི་ཝ་ཡོད་གྲོང་སྡེ་སྤྱིའི་ལྷ་ཁང་།

དར་མདོ་གྲོང་ཁྱེར་ས་བདེ་ཡུལ་ཤོག་ཝ་ཡོད་གྲོང་སྡེའི་བར་ཚེ་ལྷ་ཁང་།

པར་རྒྱག་སྐབས་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་དག་ལ་བཀའ་དྲིན་ཆེ་ཞུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1