ལྕགས་སྲིབ་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཞིག་ཕུག་ཐུབ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-01




        སྤྱི་ཟླ11པའི་ཚེས29ཉིན་ལ། སི་ཁྲོན་གཞུང་ལམ་ཚོགས་པ་ལྕགས་སྲིབ་སྤྱི་གཉེར་ཁང་གིས་མ་དངུལ་བཏང་ཞིང་སི་ཁྲོན་ལམ་ཟམ་སྤྱི་གཉེར་ཁང་གིས་སྒྲུབ་འགན་ཁུར་བའི་ལྕགས་སྲིབ་མྱུར་བགྲོད་གཞུང་ལམ་ལས་དམར་དམག་བརྒལ་བའི་ཕུག་ལམ་གྱི་གཡས་དུང་བདེ་བླག་ངང་ཕུག་ཐུབ་ཡོད།

        དམར་དམག་བརྒལ་བའི་ཕུག་ལམ་གྱི་གཡས་དུང་གི་རིང་ཚད་སྨི879ཡོད་པ་དང་། ལེང་ཧྲན་རི་བོ་ཆེན་པོའི་གས་རྒྱུད་དུ་གནས་པས་ཉེན་ཁ་དང་དཀའ་ཚེགས་གཉིས་ཀ་ཆེ་མོད། འོན་ཀྱང་ཨར་སྐྲུན་ཕྱོགས་ཁག་གིས་གྲོས་མོལ་བྱས་ནས་འདེགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཕུག་ལམ་ཨར་ལས་ཉེན་ཁ་མེད་པར་ཁག་ཐེག་བྱས་ཡོད།

        

        སི་ཁྲོན་གཞུང་ལམ་ཚོགས་པ་ལྕགས་སྲིབ་སྤྱི་གཉེར་ཁང་གི་རྐང་དཔོན་ཡོན་ཧྥེ་ཡུན་གྱིས་ལས་གཞི་ལས་ཡུལ་སྲིབ་སྨད་རྫོང་གི་ཨན་ཧྲོན་ཐང་ལ་ཉེ་བར་མ་ཟད་ཁ་ཕྱོགས་ལྕགས་ཟམ་ཁར་གཏད་ཡོད་པ་དང་། ཕུག་ལམ་བརྒྱུད་ན་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ་བའི་ཨན་ཧྲོན་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དང་སྦྲེལ་ནས་ཡོད། དེ་ལོར་དམར་དམག་གིས་རྒྱང་སྐྱོད་དང་འདྲ་བ་གནས་འདིར་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཙན་ཤུགས་ཀྱིས་བརྒལ་འགོ་བཙུགས་ཡོད་པའི་ཆ་ནས་དམར་དམག་བརྒལ་བའི་ཕུག་ལམ་ཞེས་མིང་བཏགས་པ་ཡིན། ལོ87སོང་བའི་དེ་རིང་ཡང་རྒྱང་སྐྱོད་སྙིང་སྟོབས་ཀྱིས་ང་ཚོར་བསྐུལ་ནས་དཀའ་ངལ་ཐམས་ཅད་བསལ་ཏེ་ལོ་འཁོར་གྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོན་པོས་བསྒྲུབས་ཡོད་ཅེས་བཤད་པ་རེད།

        སྤྱི་ཟླ11པའི་ཚེས20ཉིན་གྱི་བར། ལྕགས་སྲིབ་མྱུར་བགྲོད་གཞུང་ལམ་ལས་འགོ་བཙུགས་པ་ནས་བཟུང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར91.45བཏང་ཡོད་ཅིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར174.08གཏང་འཆར་ཡོད་པའི་བརྒྱ་ཆ52.53ལ་ཟིན་པ་རེད། ལམ་གདན་ཨར་ལས་བརྒྱ་ཆ48.2དང་། ཟམ་པ་དང་ཆུ་རྐ་ཨར་ལས་བརྒྱ་ཆ43.7དང་། ཕུག་ལམ་ཨར་ལས་བརྒྱ་ཆ57.7ལས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1