(སྤྱི་ཟླ་12པའི་ཚེས་1ཉིན་བསྒྲགས)
སྤྱི་ཟླ་11པའི་ཚེས་30ཉིན་གྱི་ཆུ་ཚོད་0ནས་24བར་གྱི་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར།
ཕྱི་རྒྱལ་ནས་ཡོང་བའི་ནད་པ་20གསར་དུ་འཕར་ཡོད། (ཚང་མ་ཁྲེང་ཏུའུ་ནས་ཡིན)ཚང་མ་ནད་རྟགས་མེད་པའི་ནད་པ་རེད།
ཞིང་ཆེན་གཞན་ནས་སི་ཁྲོན་དུ་ཡོང་བའི(ཕྱིར་ལོག)ནད་པ་275གསར་དུ་འཕར་ཡོད། དེའི་ཁྲོད་གཏན་འཁེལ་ནད་པ་17དང་། ནད་རྟགས་མེད་པའི་ནད་པ་258ཡོད།
ཞིང་ཆེན་ནང་ཁུལ་དུ་ནད་པ་1130གསར་དུ་འཕར་ཡོད། དེའི་ཁྲོད་གཏན་འཁེལ་ནད་པ་144བྱུང་ཡོད།(ཁྲེང་ཏུའུ་ལ་120དང་། ལིའང་ཧྲན་ལ་8དང་། ཀོང་ཨན་ལ་3དང་། ཏེ་དབྱང་ལ་2དང་། ལེ་ཧྲན་ལ་2དང་། མེ་ཧྲན་ལ་2དང་། རྔ་བ་ལ་2དང་། དཀར་མཛེས་ལ་2དང་། ལུའུ་ཀྲོའུ་ལ་1དང་། ནེ་ཅང་ལ་1དང་། གཡག་རྔ་ལ་1བཅས་བྱུང་ཡོད)ནད་རྟགས་མེད་པའི་ནད་པ་986བྱུང་ཡོད། (ཁྲེང་ཏུའུ་རུ་596དང་། རྔ་བ་ལ་72དང་། ཏེ་དབྱང་ལ་38དང་། མེ་ཧྲན་ལ་34དང་། མེན་དབྱང་ལ་32དང་། ཀོང་ཡོན་ལ་25དང་། ལིའང་ཧྲན་ལ་24དང་། དབྱི་པིན་ལ་23དང་། དཀར་མཛེས་ལ་22དང་། པ་ཀྲུང་ལ་19དང་། ལུའུ་ཀྲོའུ་ལ་18དང་། གཡག་རྔ་ལ་15དང་། ནེ་ཅང་ལ་12དང་། ཙི་ཀུང་ལ་11དང་། ཀོང་ཨན་ལ་11དང་། སུའེ་ཉིང་ལ་9དང་། ལེ་ཧྲན་ལ་7དང་། ཏ་ཀྲོའུ་ལ་7དང་། ཙི་དབྱང་ལ་6དང་། ནན་ཁྲང་ལ་4དང་། ཕན་ཀྲི་ཧྭ་ལ་1བཅས་བྱུང་ཡོད)
གཞན་ཡང་སྔར་གྱི་ནད་རྟགས་མེད་པའི་ནད་པ་12གཏན་འཁེལ་ནད་པ་རུ་གྱུར། དེའི་ཁྲོད་ཕྱི་རྒྱལ་ནས་ཡོང་བའི་ནད་པ་3དང་།(ཁྲེང་ཏུའུ་ནས་ཡིན)ཞིང་ཆེན་གཞན་ནས་སི་ཁྲོན་དུ་ཡོང་བའི(ཕྱིར་ལོག)ནད་པ་3དང་། ཞིང་ཆེན་ནང་ཁུལ་དུ་ནད་པ་6བྱུང་ཡོད།(ཁྲེང་ཏུའུ་ལ་2དང་། ལེ་ཧྲན་ལ་1དང་། དབྱི་པིན་ལ་1དང་། གཡག་རྔ་ལ་1དང་། ལིའང་ཧྲན་ལ་1བཅས་བྱུང་ཡོད)
ནད་པ་108གསར་དུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་སྒོར་བུད་ཡོད། དོགས་ཡོད་ནད་པ་དང་ཚེ་ལས་འདས་མཁན་བྱུང་མེད།
(གཏན་འཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པའི་ཞིབ་ཕྲའི་གནས་ཚུལ་ནི་འབྲེལ་ཡོད་གྲོང་ཁྱེར(ཁུལ)གྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་བརྡ་ཁྱབ་གཏོང་བ་རེད)