སྤྱི་ཟླ་11པའི་ཚེས་28ཉིན། མཚོ་འཕགས་ལ་སྨི་4000ལྷག་ཡོད་པའི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་དུ་འཛམ་གླིང་གི་ཆུ་འོད་གློག་ཚིགས་ཆེ་ཤོས་ཡིན་པའི"ཁུ་ལ་འོད་ནུས་གློག་ཚིགས"འཛུགས་སྐྲུན་བྱེད་བཞིན་འདུག །གློག་ཚིགས་དེ་ད་ལོའི་ཟླ་བདུན་པར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་བསྐྲུན་འགོ་ཚུགས་པ་དང་། སང་ལོའི་ལོ་སྟོད་དུ་གློག་གཏོང་པའི་འཆར་གཞི་ཡོད་པ་རེད།
དགུན་ཚུགས་རྗེས། གློག་ཚིགས་འཛུགས་སྐྲུན་བྱ་ཡུལ་གྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་15℃ལས་མེད་པ་དང་། འཛུགས་སྐྲུན་ཡུལ་དངོས་ཀྱི་ཉིན་མཚན་གྱི་དྲོད་ཚད་བར་ཁྱད་ལ་30℃ཡོད། ས་གཞི་འཁྱག་པས་བསྡམས་པས། མི་སྣ་དང་འཕྲུལ་ཆས་ཀྱི་ནུས་ཕྱོད་ཆུང་དུ་ཕྱིན་ཡོད་པ་དང་། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་འབད་འཐབ་བྱ་ཆེད། འཛུགས་སྐྲུན་པ་2000ལྷག་གིས་འབད་བརྩོན་བྱས་ཏེ། ཟླ་12པའི་ཟླ་མཇུག་གོང་སྒྲོམ་གཞི་ཁྲི་52.7གྱི་རྨང་གཞིའི་ཀ་རྟེན་འཛུགས་དགོས། སྒྲོམ་གཞི་དེ་དག་གི་རྨང་གཞིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་16ཡོད་ལ། དེའི་རྒྱ་ཁྱོན་ནི་པེ་ཅིང་གི “བྱ་ཚང”་ལུས་རྩལ་ར་བ་80ཡི་ཆེ་ཆུང་དང་མཚུངས།