༄༅།། ཁང་པའི་གཏའ་དངུལ་ཕྱིར་མ་བསློག་ན་ཇི་ལྟར་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 12-02




    བཅའ་ཁྲིམས་རྒྱུན་ཤེས།

        རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན། དོ་བདག་པས་འདུམ་སྒྲིག་གམ་གྲོས་མཐུན་བརྒྱུད་དེ་གན་རྒྱའི་རྩོད་གླེང་ཐག་གཅོད་བྱས་ཆོག འདུམ་སྒྲིག་གམ་གྲོས་མཐུན་བྱེད་མི་འདོད་པའམ་བྱེད་མ་ཐུབ་ཚེ། འདུམ་གཅོད་ལས་ཁུངས་ལ་འདུམ་གཅོད་བྱ་དགོས་པའི་རེ་ཞུ་དབུལ་ཆོག

1. གལ་ཏེ་གླ་གཏོང་གན་རྒྱའི་ཁྲོད་གཏའ་དངུལ་གྱི་ངོ་བོ་དང་སྒྲིག་སྲོལ་གསལ་པོ་བྱས་མེད་ན། སྔོན་དུ་གཏའ་དངུལ་ལས་ཁང་པའི་གླ་དངུལ་འཐེན་ཚེ། ཕྱིས་སུ་ངེས་པར་ཕྱིར་བསློག་དགོས།

2. དོ་བདག་པས་ཉར་འཇོག་མ་དངུལ་དང་ཁག་ཐེག་མ་དངུལ། འགན་ལེན་མ་དངུལ། ཁ་ཆད་འཇོག་དངུལ། གཏའ་དངུལ་ལམ་མངག་དངུལ་སོགས་སྤྲད་ཀྱང་འགྱུར་རྟེན་གྱི་ངོ་བོ་ཁ་ཆད་བཞག་ཡོད་རིགས། དོ་བདག་པས་འགྱུར་རྟེན་གྱི་ཁེ་དབང་འཛིན་པའི་འདོད་ཚུལ་བཏོན་ཚེ། མི་དམངས་ཁྲིམས་ཁང་གིས་དེར་རྒྱབ་སྐྱོར་བྱ་མི་སྲིད།

3. གན་རྒྱ་འདིའི་ཁ་ཆད་ལས་ཁ་ཆད་གཞན་རིགས་ཡོད་པ། ཁང་བདག་གིས་གླ་གཏོང་འབྲེལ་བ་མེད་པར་བཟོ་པར་མ་ཟད་ཁང་པ་གླ་མཁན་གནས་སྤོ་དང་། སྣོད་ཅ་ལག་ཚང་རྩིས་གསལ་པོ་བྱེད་པ་དང་མཉམ་དུ། སྤྲད་དགོས་པའི་འགྲོ་གྲོན་ཚང་མ་གཙང་སྤྲོད་བྱས་པའི་ཉིན་དེར་ཁང་པའི་གཏའ་དངུལ་སྐྱེད་མེད་དུ་ཕྱིར་ཁང་པ་གླ་མཁན་ལ་སྤྲད་དགོས།

4. མགྲོན་པོས་ཁང་པ་གླས་ཡོད་པའི་སྐབས་སུ། རྒྱུ་ནོར་གྱི་གྱོང་གུད་ཡོད་ན་ཁང་བདག་གིས་དེའི་རིན་པ་གཏའ་དངུལ་ལས་འཐེན་ཆོག་པ་དང་། གཏའ་དངུལ་ལས་དེའི་རིན་པ་འཐེན་རྗེས། ལྷག་མའི་གཏའ་དངུལ་ཕྱིར་ཁང་པ་གླ་མཁན་ལ་སྤྲད་དགོས།

5. གཏའ་དངུལ་གྱི་ངོ་བོ་ཁ་ཆད་གསལ་པོ་བཞག་ཡོད་པའི་གནས་ཚུལ་འོག གཏའ་དངུལ་གྱི་ནུས་པ་ནི་ཁང་པ་དང་དེའི་རྒྱུ་ནོར་ལ་ཁག་ཐེག་བཟང་པོ་བྱ་ཆེད་ཡིན་ཞིང་། མགྲོན་པོས་ཁང་པ་གླས་ཡོད་པའི་སྐབས་སུ་ཁང་པ་དང་དེའི་རྒྱུ་ནོར་ལ་གྱོང་གུད་བཟོས་ཚེ་གཏའ་དངུལ་ལས་འཐེན་ཆོག

6. གལ་ཏེ་གོང་གི་གྱོང་གུད་གང་རུང་བཟོས་ཚེ་གན་རྒྱའི་དུས་ཡུན་ལོངས་པའམ་གན་རྒྱ་བཤིག་རྗེས་ཕྱིར་བསློག་དགོས།

7. ཁང་པའི་གཏའ་དངུལ་ཕྱིར་མི་བསློག་པའི་གནས་ཚུལ་ཡོད་ན་ཕན་ཚུན་ཕྱོགས་གཉིས་ཀས་གྲོས་མོལ་བྱས་ཏེ་ཐག་བཅད་ཆོག་ཅིང་། གལ་ཏེ་གྲོས་མཐུན་མ་བྱུང་ཚེ། དཔང་རྟགས་འཚོལ་སྡུད་བྱས་ནས་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཆོག

        སྤྱིར་བཏང་དུ་ཁང་པའི་གཏའ་དངུལ་ག་དུས་ཕྱིར་བསློག་དགོས།

1. ཁང་པ་དང་དེའི་སྒྲིག་ཆས་ལ་ཆག་སྐྱོན་ཅི་ཡང་བཟོས་མེད་པའི་གནས་ཚུལ་འོག ཁང་བདག་གིས་གཏའ་དངུལ་ཕྱིར་བསློག་དགོས།

        ཁང་པ་གླ་མཁན་གྱིས་གན་རྒྱའི་དུས་ཡུན་ལོངས་ཏེ་ཁང་པ་ཕྱིར་ཁང་བདག་ལ་སྤྲོད་དུས། ཁང་བདག་ཁ་ཤས་ཀྱིས་ཁང་པའི་སྒྲིག་ཆས་ལ་ཆག་སྐྱོན་བཟོས་ཡོད་པའམ་ཁ་གཡར་ས་གཞན་བཙལ་ནས་གཏའ་དངུལ་འཐེན་ཅི་ཐུབ་བྱས་ཏེ། ཁང་པ་གླ་མཁན་ལ་དགོས་མེད་ཀྱི་གྱོང་གུད་བཟོ་བཞིན་གདའ།   དེ་བས་ཕན་ཚུན་ཕྱོགས་གཉིས་ཀས་གླ་གཏོང་གན་རྒྱ་འཇོག་དུས། ཁང་པའི་གླ་ཡུན་ལོངས་རྗེས་སྒྲིག་ཆས་ལ་ཆག་སྐྱོན་ཅི་ཡང་བཟོས་མེད་པའི་གནས་ཚུལ་འོག ཉིན་ག་ཚོད་ནང་ཁང་བདག་གིས་གཏའ་དངུལ་ཕྱིར་བསློག་རྒྱུའི་དུས་ཚོད་གསལ་པོ་བྲི་དགོས།

2. ཁང་པའི་གླ་གཏོང་གན་རྒྱ་མ་བཞག་པའི་སྔོན་དུ་གཏའ་དངུལ་ཕྱིར་བསློག་པའི་ཆ་རྐྱེན་དང་ཟླ་ཚེས་ཁ་ཆད་བྱ་དགོས།

        ཁང་པའི་དངོས་པོ་གསར་རྙིང་གི་གནས་ཚུལ་གསལ་པོར་བྲི་དགོས་ཤིང་། ཁང་པ་གླ་མཁན་གྱིས་ཁང་པའི་སྣོད་ཅ་ལག་སོགས་གསལ་འགོད་བྱས་ཏེ། ཁྱིམ་སྤྱོད་གློག་གི་རྒྱུན་ལྡན་འཁོར་སྐྱོད་གནས་ཚུལ་དང་ཁྱིམ་ཆས་ཁ་ཚང་ཡིན་མིན་བཅས་ལ་ཞིབ་བཤེར་བྱས་རྗེས་དེ་དག་རེ་རེ་བཞིན་རེའུ་མིག་ཏུ་དགོད་དགོས། དེར་མ་ཟད་གློག་ལམ་ལ་ཆག་སྐྱོན་བྱུང་ཚེ་ཞིག་གསོའི་གྲོན་དངུལ་སུས་འགན་འཁུར་དགོས་པ་གསལ་པོ་བྱ་དགོས་པ་དང་། ཁང་པ་རུ་ཆུ་ཤོར་ཉེན་ཡོད་མེད་ལའང་གསལ་པོ་བལྟ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1