བློ་མཐུན་ཅང་ཙེ་རྨིན་གྱི་སྐུ་ཚེ་ཧྲིལ་པོའི་སྐུ་པར།(གཉིས་པ)

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-07


1992ལོའི་ཟླ་10པའི་ཚེས་12ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། འདི་ནི་བློ་མཐུན་ཅང་ཙེ་རྨིན་མཆོག་གིས་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ལས་དོན་སྙན་ཞུ་གནང་བཞིན་པ་རེད།

1993ལོའི་ཟླ་12པའི་ཚེས་5ཉིན། བློ་མཐུན་ཅང་ཙེ་རྨིན་མཆོག་གིས་པེ་ཅིན་དུ་བུ་བཅོལ་ཁང་ཞིག་གི་བྱིས་པ་ཞིག་ལ་རྒྱུངས་སྐྱའི་གཉན་ཚད་ཀྱི་འགོག་སྨན་བླུད་རྗེས། བྱིས་པ་དེས་ཁོང་ལ་འོ་བྱེད་བཞིན་པ་རེད།

1997ལོའི་ཟླ་7པའི་ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་བཙུགས་པའི་མཛད་སྒོ་ཞང་ཀང་འགྲེམས་སྟོན་ལྟེ་གནས་སུ་སྤེལ་བ་དང་། རྟེན་འབྲེལ་མཛད་སྒོའི་ཐོག་བློ་མཐུན་ཅང་ཙེ་རྨིན་མཆོག་གིས“ཞང་ཀང་གི་མ་འོངས་སྔར་ལས་མཛེས་སྡུག་ལྡན”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་བསྩལ་བ།

1997ལོའི་ཟླ་9པའི་ཚེས་12ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་དང་། འདི་བློ་མཐུན་ཅང་ཙེ་རྨིན་མཆོག་གིས་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ལས་དོན་སྙན་ཞུ་གནང་བཞིན་པ་རེད།

1998ལོའི་ཟླ་8པའི་ཚེས་13ཉིན་ནས་ཚེས་14ཉིན་བར། བློ་མཐུན་ཅང་ཙེ་རྨིན་མཆོག་སྐུ་དངོས་སུ་འབྲི་ཆུའི་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཕེབས་ཏེ། འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འཐབ་འཛིང་བྱེད་བཞིན་པའི་རྒྱ་ཆེའི་དམག་དམངས་ལ་འཚམས་འདྲི་དང་སྐུལ་མ་གནང་ཞིང་། འབྲུབ་འགོག་གེགས་སེལ་ལས་དོན་ལ་མཛུབ་སྟོན་གནང་བ། འདི་ནི་ཟླ་8པའི་ཚེས་13ཉིན་བློ་མཐུན་ཅང་ཙེ་རྨིན་མཆོག་གིས་ཧུང་ཧུའུ་གྲོང་ཁྱེར་ཝུ་ལིན་གྲོང་རྡལ་གྱི་ཆུ་རགས་ཐོག་ནས་འབྲུབ་འགོག་གེགས་སེལ་བྱེད་མཁན་དམག་དམངས་ལ་གསུང་བཤད་གནང་བཞིན་པ་རེད།

1999ལོའི་ཟླ་10པའི་ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཚོགས་པ་དང་། བློ་མཐུན་ཅང་ཙེ་རྨིན་མཆོག་གིས་མི་དམངས་བཅིངས་འགྲོལ་དམག་གི་སྐམ་དམག་དང་། མཚོ་དམག །མཁའ་དམག་བཅས་དང་། མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེ། ཡུལ་དམག་གྲ་སྒྲིག་དམག་སྡེ་བཅས་ཀྱིས་གྲུབ་པའི་སྐམ་ཐོག་དམག་དཔུང་ལ་གཟིགས་ཞིབ་གནང་བཞིན་པ།

2000ལོའི་ཟླ་2པའི་ཚེས་20ཉིན། བློ་མཐུན་ཅང་ཙེ་རྨིན་མཆོག་གིས་ཀོང་ཏུང་ཞིང་ཆེན་ཀའོ་ཀྲོའུ་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པའི“སྣང་ཆེན་གསུམ”གྱི་སློབ་གསོའི་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ་དང་། སྐབས་དེར་ཀོང་ཏུང་ལ་གཟིགས་ཞིབ་གནང་སྐབས། བློ་མཐུན་ཅང་ཙེ་རྨིན་མཆོག་གིས་རང་རེའི་ཏང་གིས་དུས་ནམ་ཡང་ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་བླང་བྱ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་ཡར་རྒྱས་གཏོང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས། ཀྲུང་གོའི་ཆེས་རྒྱ་ཆེའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་བཅས་མཚོན་ཡོད་ཅེས་གསུངས།

2000ལོའི་ཟླ་9པའི་ཚེས་7ཉིན། ཀྲུང་གོས་གྲོས་འགོ་བཏོན་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཁང་གི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་དབུ་འཛིན་ཚོགས་འདུ་ནེའུ་ཡོག་ལ་འཚོགས་པ་དང་། བློ་མཐུན་ཅང་ཙེ་རྨིན་མཆོག(དཀྱིལ)ཧྥ་རན་སིའི་སྲིད་འཛིན་ཤི་ལ་ཁེ་( གཡས་ཀྱི་གཉིས་པ)དང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཅིང(གཡས་ཀྱི་དང་པོ ) དབྱིན་ཇིའི་དབུ་བློན་པུ་ལེ་ཨེར(གཡོན་གྱི་དང་པོ) ཨ་རིའི་སྲིད་འཛིན་ཁེ་ལིན་ཏུན(གཡོན་གྱི་གཉིས་པ)བཅས་དང་མཉམ་དུ་བསྐྱོན་པའི་སྐུ་པར།

2001ལོའི་ཟླ་2པའི་ཚེས་27ཉིན། པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་དབུ་བརྙེས་པའི་ཚོགས་ཆེན་ཧའེ་ནན་དུ་འཚོགས་པ་དང་། བློ་མཐུན་ཅང་ཙེ་རྨིན་མཆོག་ཚོགས་ཆེན་ལ་ཕེབས་པར་མ་ཟད་ཤིས་ཚིག་ཕུལ་བཞིན་པའི་སྐུ་པར།

2001ལོའི་ཟླ་10པའི་ཚེས་21ཉིན། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དབུ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་དགུ་པ་ཧྲང་ཧའེ་རུ་འཚོགས་པ་དང་། འདི་ནི་བློ་མཐུན་ཅང་ཙེ་རྨིན་མཆོག་ཚོགས་ཞུགས་དཔལ་འབྱོར་ཚོགས་པའི་དབུ་ཁྲིད་མི་སྣ་དང་མཉམ་དུ་བསྐྱོན་པའི་སྐུ་པར་རེད།

2002ལོའི་ཟླ་11པའི་ཚེས་15ཉིན། བློ་མཐུན་ཅང་ཙེ་རྨིན་མཆོག་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་ཚོགས་ཆེན་བཅུ་དྲུག་པར་ཞུགས་པའི་འཐུས་མི་དང་། དམིགས་བསལ་གདན་ཞུ་བྱས་པའི་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་མཇལ་འཕྲད་གནང་བར་མ་ཟད་གལ་ཆེའི་གསུང་བཤད་གནང་བ་རེད།

2019ལོའི་ཟླ་10པའི་ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། འདི་ནི་བློ་མཐུན་ཞི་ཅིན་ཕིང་དང་། བློ་མཐུན་ཅང་ཙེ་རྨིན། བློ་མཐུན་ཧུའུ་ཅིན་ཐའོ་སོགས་གནམ་བདེ་སྒོ་མོ་ཆེའི་མཁར་སྒོའི་ཐོག་ཕེབས་སྐབས་ཀྱི་སྐུ་པར་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1