ཙུང་ཐུང་གཞོན་པ་འདིར་དུས་ཡུན་ལོ་6གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-08


        ས་གནས་དེ་གའི་ཟླ་12ཚེས་6ཉིན། ཨ་ཀེན་ཐིན་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་འགན་ཡུན་ནང་ཁྲིམས་འགལ་ངང་ཚོགས་པའི་འགོ་ཁྲིད་དང་ལྐོག་རྔན་བླངས་པ་སོགས་ཀྱི་ཉེས་མིང་ཐོག་ནས། ཨ་ཀེན་ཐིན་གྱི་ཙུང་ཐུང་གཞོན་པ་ཁོ་ལི་སི་ཏི་ན་བཙོན་འཇུག་ལོ་6བྱ་རྒྱུ་དང་འབྲེལ་ཚེ་གང་རིང་སྤྱི་པའི་ལས་གནས་ཁུར་མི་ཆོག་པའི་ཁྲིམས་ཐག་བཅད་པ་རེད།

        ཁོ་ལི་སི་ཏི་ན་ཡིས་2003ལོ་ནས་2015ལོའི་བར་ཨ་ཀེན་ཐིན་ལྷོ་རྒྱུད་ཀྱི་ཧྲེང་ཁོ་ལུའུ་སི་ཞིང་ཆེན་གྱི་སྤྱི་པའི་འགྲོ་ལམ་ལས་གྲྭའི་ཁྲོད་རུལ་སུངས་ཀྱི་དོགས་གཞི་ཡོད་པ་དེ་ཨ་ཀེན་ཐིན་ཁྲིམས་ཁང་གིས་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་དང་། ཁྲིམས་དཔོན་གྱིས་ཁོ་པར་དུས་ཡུན་ལོ་12བཙོན་འཇུག་བྱ་རྒྱུ་དང་འབྲེལ་ཚེ་གང་རིང་སྤྱི་པའི་ལས་གནས་ཁུར་མི་ཆོག་པའི་བླང་བྱ་བཏོན་པ་རེད།

        ཨ་ཀེན་ཐིན་གྱི་བཅའ་ཁྲིམས་ལ་གཞིགས་ན། ཨ་ཀེན་ཐིན་གྱི་ཙུང་ཐུང་གཞོན་པས་གྲོས་ཁང་གོང་མའི་གྲོས་དཔོན་གྱི་འགན་གཅིག་ལྕོགས་འཁུར་བ་དང་། གྲོས་ཁང་གོང་མའི་གྲོས་མིར་ཁྲིམས་འཛིན་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པས། ཆེས་མཐོའི་ཁྲིམས་ཁང་གིས་ད་གཟོད་དེའི་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་མེད་པར་བཟོ་ཐུབ། དེར་བརྟེན་ཁོ་ལི་སི་ཏི་ན་མིག་སྔར་བཙོན་ཁང་དུ་ཁྲིམས་ཆད་འཁུར་མི་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1