ཞིང་འབྲོག་མི་དམངས་ཀྱི་ལས་ཞུགས་དང་ལས་སྒོ་གསར་སྤེལ་གྱི་ནུས་པ་མཐོར་འདེགས་དང་ལས་ཞུགས་ཐབས་ལམ་མང་དུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱ་བའི་ཆེད་དུ། མཚན་ཉིད་ཡུལ་ཚོའི་སྲིད་གཞུང་གིས་བོད་ལྭ་འཚེམ་དྲུབ་ཀྱི་གསོ་སྦྱོང་འཛིན་གྲྭ་དང་གཞི་རིམ་བཅོས་སྐྱོང་ལས་རིགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། མང་ཚོགས་ཀྱི་བོད་ལྭ་འཚེམ་དྲུབ་ནུས་པ་མཐོར་འདེགས་བཏང་། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་བསྡོམས་པས་མི་32ཞུགས་ཡོད་པ་དང་། རྔ་བ་ཁུལ་ཏ་མིང་ཧྲན་ཤེས་ལྡན་མི་སྣའི་ལས་རིགས་གསོ་སྦྱོང་སློབ་གྲྭའི་དགེ་རྒན་ཆེད་དུ་གདན་འདྲེན་ཞུས་ཏེ་སློབ་ཁྲིད་བྱས།
སློབ་ཁྲིད་ཀྱི་ནང་དོན་ལ་ཐིག་དྲས་དང་འཚེམ་བཟོ། དབུར་ཏི་རྒྱག་པ་སོགས་བོད་ལྭའི་བཟོ་རྩལ་གྱི་རྨང་གཞིའི་ཤེས་བྱ་གཙོ་བོ་འདུས་ཡོད་པ་དང་། དགེ་རྒན་གྱིས་ཡུལ་དངོས་ནས་དཔེ་སྟོན་བྱེད་པ་དང་ཡུལ་དངོས་ནས་འཚེམ་བཟོ་བྱེད་པ་སོགས་ཀྱི་ཐབས་ལམ་གྱིས་བོད་ལྭ་འཚེམ་དྲུབ་ཀྱི་འབྲེལ་ཡོད་ཤེས་བྱ་གོ་བདེ་བའི་སྒོ་ནས་སློབ་ཁྲིད་བྱས་ཏེ། གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་གཞི་རྩའི་ཤེས་བྱ་དང་ལག་རྩལ་ཁོང་དུ་ཆུད་པར་བྱས་ཡོད།