རྔ་བ་ཁུལ་ཁྲོ་ཆུ་རྫོང་ཏ་ཁོག་འཁྱགས་རོམ་གྱི་དགུན་དུས་ཡུལ་སྐོར་བྱ་འགུལ་མགོ་བརྩམས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-12


 

        དགུན་ཁ་སླེབས་པ་ན་ཏ་ཁོག་འཁྱགས་རོམ་གྱི་རི་ཀླུང་ཀུན་ལ་ཁ་བས་གཡོགས་ཤིང་། མཚོ་འཕགས་ལ་སྨི་4860ཡོད་པའི་ལྗོངས་གཟིགས་སྟེགས་བུ་ནས་སྤྲེའུ་སེར་མཚེའུ་བར་གྱི་མཛེས་ལྗོངས་དག་ཁ་བས་རྣམ་པར་བརྒྱན་ནས་བྱིས་སྒྲུང་གི་འཇིག་རྟེན་ཞིག་དང་ཀུན་ནས་མཚུངས་ཤིང་། གངས་རི་དང་མཚེའུ་གཞི་གཅིག་ཏུ་འདྲེས་བས་ས་བབ་མི་འདྲ་བ་ལ་མཛེས་ལྗོངས་མི་འདྲ་བ་རེ་རེ་གྲུབ་ཡོད་པ་རེད། 

        ད་ལོར། ཡུལ་སྐོར་བས་མཛེས་ལྗོངས་ཁུལ་དུ་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་རོལ་མྱོང་བྱེད་ཐུབ་པ་ལས་གཞན། ད་དུང་སྤྲེའུ་སེར་དང་ཉེ་བར་བཅར་ཐུབ་པ་དང་། ཏ་ཁོག་བོད་གྲོང་གི་འཚོ་བ་མྱོང་རོལ་དང་རང་བྱུང་ཁམས་ཀྱི་གསང་བར་རྒྱུས་ལོན་བྱས་ནས་ལུས་སེམས་ལྷོད་གཡེང་གིས་ཁྱད་མཚར་བའི་ཡུལ་གྱི་བཀོད་པར་རོལ་མྱོང་བྱེད་ཐུབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1