འདི་ནི་སློབ་གྲྭར་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོར་མེ་ཟོན་རུ་མིས་སློབ་ཕྲུག་ཚོར་མེ་གསོད་ཡོ་ཆས་བེད་སྤྱོད་གཏོང་སྟངས་སློབ་བཞིན་པ།
མེ་ཟོན་ལ་དམ་འཛིན་བྱས་ན་ཀུན་ལ་བདེ་འཇགས་ཡོང་། འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་ཤེས་བྱའི་དྲིལ་བསྒྲགས་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་བ་མ་ཟད། གྲོང་ཁྱེར་ཡོངས་ལ་ཕྱོགས་ཏེ་མེ་ཟོན་གྱིས་ཚན་རིག་ཁྱབ་གདལ་སློབ་གསོའི་ལྟེ་གནས་ཁྱོན་ཡོངས་ནས་སྒོ་ཕྱེ་བ་དང་། “119མེ་ཟོན་དྲིལ་བསྒྲགས་ཟླ་བ”སོགས་བྱེད་སྒོ་གལ་ཆེན་གོ་སྐབས་སུ་བྱས་ཏེ། སློབ་གྲྭ་ཁག་ལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་དང་མེ་ཟོན་བདེ་འཇགས་ཀྱི་མྱོང་རོལ་ཆེན་པོ་སོགས་སྤྱི་ཚོགས་ཅན་གྱི་དྲིལ་བསྒྲགས་བྱེད་སྒོ་དང་དང་བླངས་ཞབས་ཞུའི་བྱེད་སྒོ་མང་པོ་ཧུར་ཐག་སྤེལ་བ་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་དང་ཁྱིམ་ཚང་གི་མེ་ཟོན་ཤེས་བྱ་ཁྱབ་གདལ་དང་དངོས་སྤྱོད་མྱོང་རོལ་ལ་མཐོང་ཆེན་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་མེ་ཟོན་ལ་དོ་སྣང་བྱེད་པ་དང་མེ་ཟོན་ལ་ཞུགས་པའི་རྣམ་པ་བཟང་པོ་སྔར་བས་བཏོད་ཡོད་པ་རེད།