རོང་བྲག་རྫོང་དུ་སྒོར་བྱེ་བ8ལྷག་གི་ཟོང་འགྲུལ་གླིང་ཁུལ་བཙུགས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-19


        སྤྱི་ཟླ12པའི་ཚེས15ཉིན་ལ། རོང་བྲག་རྫོང་སྐྱེ་ཁམས་ཁྱད་ཆོས་ཞིང་ལས་ཐོན་རྫས་བཟོ་སྣོན་ཟོང་འགྲུལ་གླིང་ཁུལ་སྒོ་ཕྱེ་ནས་ཚོང་གཉེར་དངོས་སུ་བྱེད་འགོ་བཙུགས་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན། གླིང་ཁུལ་དེར་མ་དངུལ་བསྡོམས་འབོར་སྒོར8000ལྷག་བཏང་ཞིང་། རྒྱ་ཁྱོན་མུའུ84.51ལ་ཟིན་ཡོད་ཅིང་ཀྲེ་ཅང་ཞིང་ཆེན་ཅིན་ཏུང་ཆུས་ཀྱིས་རོགས་འཛུགས་བྱས་པ་རེད། ད་ཆའི་བར། དུས་རིམ་དང་པོའི་ཨར་ལས་གྲུབ་ནས་བེད་སྤྱོད་གཏོང་བ་དང་། དུས་རིམ་གཉིས་པ་དང་གསུམ་པ་ནི2023ལོའི་སྤྱི་ཟླ8པ་དང2024ལོའི་སྤྱི་ཟླ6པར་ལས་ཚར་རྒྱུ་རེད།

        གླིང་ཁུལ་སྒོ་འབྱེད་པའི་མཛད་སྒོར། ཀྲེ་ཅང་ཅིན་ཏུང་དང་ཞིང་ཆེན་ནང་ཁུལ། རང་ཁུལ། དེ་བཞིན་རོང་བྲག་གི་ཁེ་ལས5ཡིས་གླིང་ཁུལ་དུ་ཞུགས་པའི་གྲོས་མོལ་བཞག་པ་རེད། ཁེ་ལས་དེ་ཚོ་ནི་ཐོན་རྫས་ཐོན་སྐྱེད་དང་བཟོ་སྣོན། ཕྱིར་འཚོང་། ཟོང་འགྲུལ། ཚོང་དོན་སོགས་ཁྱབ་ཁོངས་དུ་མ་དང་འབྲེལ་བ་ཡོད་ཅིང་། མ་དངུལ་བསྡོམས་འབོར་སྒོར་བྱེ་བ3དང་ས་ཡ5ལྷག་བཏང་བ་དང་། ཐོན་གྲུབ་བྱུང་རྗེས་སྔོན་དཔག་བྱས་ན་ལོ་རེར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར1.11འབྱུང་ཐུབ་ལ། ལོ་རེར་འཛད་སྤྱོད་རོགས་སྐྱོར་སྒོར་བྱེ་བ1ཡན་འབྱུང་ཐུབ་པ་དང་ས་གནས་ཀྱི་མི500ལྷག་ལས་ཞུགས་ཐུབ་པར་བསྐུལ་ཐུབ།

        གླིང་ཁུལ་བསྐྲུན་ནས་ཚོང་གཉེར་བྱས་རྗེས། རྫོང་ཡོངས་ཀྱི་འཁྱག་འབྲེལ་ཟོང་འགྲུལ་དེང་རབས་ཅན་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཤུགས་ཆེན་འབྱུང་བ། ས་གནས་ཀྱི་ཐོན་རྫས་སྤུས་རྟགས་ཅན་དུ་བསྒྱུར་བའི་ཐད་ལ་ནུས་པ་དགེ་མཚན་ཆེ་ལ་ཤུགས་ཆེན་པོ་ཐེབས་ཐུབ་ཅིང་།  ཕྱོགས་གཅིག་གི་ཐོན་ཁུངས་གསར་དུ་སྤེལ་ནས་ཕྱོགས་ཤིག་གི་ཐོན་ལས་སྟོབས་ཆེན་གཏོང་བ་དང་། ཕྱོགས་ཤིག་གི་དཔལ་འབྱོར་འཁྲུག་པོར་བཟོས་ནས་ཕྱོགས་ཤིག་གི་མི་སེར་ཕྱུག་པོ་འགྱུར་ཐུབ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1