འདི་ནི་ཟླ་12ཚེས་16ཉིན་སྨི་ལེ་ནས་མོང་ཙེ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་འགྲུལ་པས་འཁོར་སྒྲོམ་ནས་རང་ཉིད་ལ་པར་རྒྱག་བཞིན་པ།
ཟླ་12ཚེས་16ཉིན་སྨི་ལེ་ནས་མོང་ཙེ་བར་གྱི་མྱུར་བགྲོད་ལྕགས་ལམ(གཤམ་དུ“སྨི་མོང་མྱུར་བགྲོད་ལྕགས་ལམ”ཞེས་བསྡུ་རྒྱུ)ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཁུན་མིང་བབས་ཚུགས་ལྷོ་མ་ནས་ཧུང་ཧོ་བབས་ཚུགས་བར་དུ་མགྱོགས་ཤོས་ལ་སྐར་མ་69ནང་སླེབས་ཀྱི་ཡོད། སྨི་མོང་མྱུར་བགྲོད་ལྕགས་ལམ་བྱང་ནན་ཉིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་སྦྲེལ་བ་དང་། ལྷོ་ཁུན་མིང་ནས་ཧོ་ཁོའུ་བར་གྱི་ལྕགས་ལམ་དང་སྦྲེལ་ཡོད་པས་དེ་ནི་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་ནས་རྒྱལ་མཚམས་བསྒྲལ་ཏེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དུ་སྐྱོད་པའི་ལྕགས་ལམ་བགྲོད་ལམ་ཆེན་པོའི་གྲུབ་ཆ་གལ་ཆེན་ཞིག་རེད། ལྕགས་ལམ་ཤར་གཏོང་ཐུབ་པ་དེས་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།