ཟླ་4པའི་ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6དང་སྐར་མ་30ཡི་ཐོག ལྷ་ལྡན་གཙུག་ལག་ཁང་དུ་དགེ་འདུན་པ་50ལྷག་འདུས་ཏེ་བལ་ཡུལ་དང་བོད་ལྗོངས་ཀྱི་ས་ཆ་ཁ་ཤས་སུ་ས་ཡོམ་གྱི་གནོད་འཚེ་བྱུང་ནས་རྐྱེན་འདས་སུ་སོང་བའི་ཉམ་ཐག་གི་མི་སེར་རྣམས་ལ་བསྔོ་སྨོན་ཞལ་འདོན་གནང་བ་རེད། །