ཉེ་སྔོན་མཇུག་བསྒྲིལ་པའི《བརླན་སའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པ་ཡིས་ང་ཚོ་ལ་བརླན་ས་ཞེས་པར་རྒྱུས་ལོན་སྔར་ལས་ལྷག་པ་ཞིག་བྱུང་དུ་བཅུག་ཡོད། དེ་ན། ས་ཆ་ཅི་འདྲ་ཞིག་ལ། ད་གཟོད་བརླན་ས་ཞེས་འབོད་ཆོག་གམ་ཞེ་ན།
མཚོ་སྐྱ་རེངས། པར་རིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་འདོན་སྤྲོད་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ6པའི་ཚེས1ཉིན་དངོས་སུ་ལག་ལེན་བསྟར་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་ནང་དུ། “བཅའ་ཁྲིམས་འདི་རུ་བརྗོད་པའི་བརླན་ས་ཞེས་པ་ནི་སྐྱེ་ཁམས་བྱེད་ནུས་མངོན་གསལ་ལྡན་པའི་རང་བྱུང་ངམ་ཡང་ན་མིའི་ཐབས་ཀྱིས་བཟོས་པ། ལོ་ཧྲིལ་པོའམ་ཡང་ན་དུས་ཚིགས་རང་བཞིན་ཡོད་པའི་ཆུ་འཁྱིལ་ས་རྒྱུད་དང་ཆུ་ཁོངས་ལ་གོ་བ་དང་། དེའི་ནང་དུ་མཚོ་ཆུ་མར་འགྲིབ་དུས་ཀྱི་གཏིང་ཚད་སྨི་དྲུག་ལས་མི་བརྒལ་བའི་མཚོ་ཁོངས་ཀྱང་འདུས་ཡོད། ཡིན་ནའང་། ཆུ་ཞིང་དང་གསོ་སྤེལ་ལ་སྤྱོད་པའི་མིས་བཟོས་ཆུ་ཁོངས་དང་གྲང་ཐང་མི་ཚུད”ཅེས་གཏན་འབེབས་བྱས་ཡོད། འདི་ནི་མིག་སྔའི་བར་དུ། རང་རྒྱལ་གྱིས་བརླན་ས་ལ་གོ་བ་ལེན་པའི་འགྲེལ་བཤད་དབང་གྲགས་ལྡན་པ་དེ་ཡིན།
མཚོ་སྔོ་རེངས། པར་རིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་འདོན་སྤྲོད་བྱས།
བརླན་ས་ནི་སའི་གོ་ལའི་སྐྱེ་ཁམས་མ་ལག་གསུམ་གྱི་ཡ་གྱལ་ཞིག་ཡིན་པའི་ཆ་ནས། དེ་ནི་སྐམ་སའི་ཐོག་གི་ལྟོས་བཅས་ཀྱི་གཏན་འཁེལ་བྱས་པའི་རང་བྱུང་ངམ་ཡང་ན་མིས་བཟོས་ཀྱི་ཆུ་གཟུགས་ཚང་མར་ཁེབས་ཡོད་པར་མ་ཟད། ད་དུང་མཚོ་ཆུ་མར་འགྲིབ་དུས་གཏིང་ཚད་སྨི་དྲུག་ལས་མི་བརྒལ་བའི་མཚོ་ཁོངས་ཀྱང་ཚུད་ཡོད།
མཚོ་སྐྱ་རེངས། ཡན་པའོ་དབྱིན་གྱིས་པར་བླངས།
2005ལོར། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པའི་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་རྨ་ཆུའི་མགོ་ཁུངས་སུ་ཡོད་པའི་མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་བརླན་ས་རྒྱལ་སྤྱིའི་བརླན་ས་གལ་ཆེའི་མིང་ཐོའི་ནང་དུ་ཚུད་པ་རེད།
མཚོ་སྔོ་རེངས། ཀྲང་ཁྲའོ་དབྱིན་གྱིས་པར་བླངས།
རྨ་ཆུ་ནི་མགོ་ཁུངས་ནས་སྟོང་སྨི190ལྷག་ལ་བཞུར་རྗེས། མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱི་ནང་དུ་བབས་ཡོད་པ་དང་། མཚོ་སྐྱ་རེངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ576ཡོད་ཅིང་། ཤར་ནུབ་རིང་ཞིང་ལྷོ་བྱང་ཐུང་བ་ཡིན། མཚོ་སྔོ་རེངས་ཀྱི་ཁ་ཆད་ལག་བསྟར་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི6.49ཡོད་ཅིང་། དེ་ནི་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆེས་ཆེ་བའི་ཚྭ་མེད་མཚེའུ་ཡིན། མཚོ་མོ་གཉིས་ཀའི་ཆུའི་གསོག་ཚད་ནི་སྨི་ལྷམ་པ་དུང་ཕྱུར165ཡིན་པ་དང་། དེ་ནི་རྨ་ཆུའི་ལོ་གཅིག་གི་ཆུའི་བཞུར་ཚད་སྤྱི་ཡི28%དང་མཚུངས།
མཚོ་སྐྱ་རེངས། པར་རིས་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་འདོན་སྤྲོད་བྱས།
ཆ་སྙོམས་མཚོ་འཕགས་སྨི4300ལྷག་ཡིན་པའི་མཐོ་སྒང་ས་ཁུལ་དུ། དབྱང་རླུང་དཀོན་ཞིང་སྐམ་གཤིས་ཆེ། བ་ཡན་ཧ་རིའི་བྱང་ལྡེབས་ཀྱི་ཐན་པ་ཕྱེད་ཀྱི་ནམ་ཟླའི་དབང་གིས། རྨ་ཆུའི་མགོ་ཁུངས་ཁུལ་གྱི་ན་འདམ་དང་མཚེའུ་ཚོགས་ཆགས་ཐུབ་ཡོད། མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ལྟེ་བ་བྱས་པའི་ཉེ་འཁོར་གྱི་སྨི་གྲུ་བཞི་མ1510ཡི་ཁྱབ་ཁོངས་ནང་དུ། ཆུ་བོའི་བཞུར་རྒྱུན་དྲ་མིག་དང་འདྲ་ཞིང་། ན་འདམ་གྱིས་གང་སར་ཁྱབ་ཡོད།
མཚོ་སྔོ་རེངས། པར་རིས་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་འདོན་སྤྲོད་བྱས།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་འཛམ་གླིང་ཡོངས་ལ་རིམ་པར་སྒོ་ཕྱེ་པ་དང་བསྟུན་ནས། ཡུལ་སྐོར་བ་སྔར་ལས་མང་པོ་འདིར་ཡོང་བ་ན། རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་སྐྱེ་ཁམས་མཛེས་པ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བརྗིད་ཉམས་ལ་མྱོང་རོལ་བྱས་ཆོག