༄༅།།མཐོ་སྒང་དགུན་དུས་ཀྱི་ཡུལ་སྐོར་མཛེས་ལྗོངས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླའི་དྲ་བ་ལས་དྲངས། སྤེལ་དུས། 12-22


 རང་རྒྱལ་གྱི་ཚན་རིག་པས་རྒྱང་ཚོར་དང་གྲངས་ཚད་ལད་མོའི་ལག་རྩལ་སྤྱད་ནས་མདོ་དབུས་མཐོ་སྒང་གི་མཚེའུ132ཀྱི1978ལོ་ནས2016ལོའི་བར་གྱི་མཚོ་དར་ཆགས་ཞུའི་ཟིན་ཐོ་ཆ་ཚང་བསྐྱར་འཛུགས་བྱས་པར་མ་ཟད། ད་དུང“རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས”སོགས་ཀྱི་གཞི་གྲངས་མཉམ་སྤྱོད་སྤྱི་སྟེགས་སུ་ཡོངས་བསྒྲགས་ཀྱང་བྱས།

གནམ་མཚོ་ཕྱུག་མོ།

        གཞི་གྲངས་ཐོན་རྫས་འདིའི་ཁེབས་རྒྱ་ཆེ་ཞིང་དུས་ཡུན་རིང་བའི་དབང་གིས། མདོ་དབུས་མཐོ་སྒང་གི་མཚེའུ-མཁའ་དབུགས་ནུས་པ་དང་དུས་ཚིགས་གོ་རིམ་རིང་བའི་མཚོ་ཆུ་དྲོད་འགྱུར་ངོས་འཛིན་བྱ་རྒྱུ་ལ་ལག་རྩལ་དང་གཞི་གྲངས་ཀྱི་རྒྱབ་རྟེན་གལ་ཆེན་མཁོ་འདོན་བྱེད་ཐུབ།

མཚོ་མོ་ངང་ལྷ་རིང་པོ།

        མཚོ་དར་ཆགས་ཞུའི་དུས་ཚོད་ནི་མཚེའུ་ཡི་ནུས་ཚད་དོ་མཉམ་འགྱུར་ལྡོག་མཚོན་པའི་ཐད་མཐོང་དམིགས་ཚད་ཡིན་ཞིང་། དེའི་འགྱུར་ལྡོག་གིས་མཚེའུ་ཡི་ཆུ་གནས་སྐྱེ་ཁམས་མ་ལག་དང་སྨད་རྒྱུད་ཀྱི་ཆུ་དཔྱད་ཁྱད་ཆོས་ལའང་ཤུགས་རྐྱེན་བཟོ་བ་ཡིན། རྒྱུན་ལྡན་གྱི་ས་ངོས་ལྟ་དཔྱད་ཚད་འཇལ་ལ་ཚད་བཀག་ཡོད་སྟབས། མདོ་དབུས་མཐོ་སྒང་གི་མཚོ་དར་ཆགས་ཞུའི་ཟིན་ཐོ་ནི་ཧ་ཅང་དཀོན་པོར་གནས་ཡོད།

ཡར་འབྲོག་གཡུ་མཚོ།

        དེའི་དབང་གིས། ཀྲུང་གོའི་ཚན་རིག་གླིང་བར་སྣང་ཆ་འཕྲིན་གསར་གཏོད་ཞིབ་འཇུག་གླིང་དང་རྒྱུན་མཐུད་འཕེལ་རྒྱས་གཞི་གྲངས་ཆེན་མོའི་རྒྱལ་སྤྱི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ཚོགས་པ་ཡིས་མཉམ་ལས་པ་དང་མཉམ་དུ་རྒྱང་ཚོར་དང་གྲངས་ཚད་ལད་མོའི་ལག་རྩལ་ཕྱོགས་བསྡུས་བྱས་ཏེ་མཚོ་དར་ཆགས་ཞུའི་ཨང་རིམ་བསྐྱར་འཛུགས་ཀྱི་ལག་རྩལ་སྒྲོམ་གཞི་འཕེལ་རྒྱས་བཏང་བ་དང་། དེ་ནས་མཐོ་གྲང་ས་ཁུལ་གྱི་མཚོ་དར་ཆགས་ཞུའི་དུས་ཚོད་ཨང་རིམ་ཆ་ཚང་བསྐྱར་འཛུགས་བྱས་ཡོད།

མཚོ་སྔོན་པོ།

        ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། མདོ་དབུས་མཐོ་སྒང་གི་ལྷོ་རྒྱུད་ནས་བྱང་རྒྱུད་བར་དུ། མཚོ་དར་ཆ་ཚང་ཆགས་པའི་དུས་ཡུན་ནི་ཉིན15ནས་ཇེ་མང་ལ་སོང་སྟེ་ཉིན215ཡི་བར་དུ་ཡོད་པ་སྟེ། འཕྲེད་ཐིག་ཏུའུ་གཅིག་ཇེ་མཐོར་སོང་ན། མཚོ་དར་ཆ་ཚང་ཆགས་པའི་དུས་ཡུན་ནི་ཕལ་ཆེར་ཉིན17.5ཡིས་ཇེ་མང་ལ་སོང་ཡོད་པ་དང་། མཚོ་འཕགས་སྨི4500ནས5000ཡི་བར་གྱི་ཁྱབ་ཁོངས་ནང་དུ། མཚོ་འཕགས་ཇེ་མཐོ་ལ་སྨི100སོང་ན། མཚོ་དར་ཆ་ཚང་ཆགས་པའི་དུས་ཡུན་ནི་ཕལ་ཆེར་ཉིན18.9ཡིས་ཇེ་མང་ལ་སོང་ཡོད་པ་རེད། སའི་གོ་ལའི་ནམ་ཟླ་ཇེ་དྲོ་ལ་འགྲོ་བའི་རྒྱབ་ལྗོངས་འོག ཉེ་བའི་ལོ40ནས་བཟུང་། མདོ་དབུས་མཐོ་སྒང་གི་མཚེའུ་ལ་མཚོ་དར་ཆགས་པའི་དུས་ཚོད་རྒྱ་ཁྱབ་ཀྱིས་ཕྱིར་སྣུར་བྱས་ཡོད་པ་དང་། མཚོ་དར་ཞུ་བའི་དུས་ཚོད་སྔ་སྣུར་དང་མཚོ་དར་ཆགས་ཡུན་ཇེ་ཐུང་ལ་སོང་ཡོད་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་རེད།

ར་འོག་མཚོ།

        ཀྲུང་གོའི་ཚན་རིག་གླིང་བར་སྣང་ཆ་འཕྲིན་གསར་གཏོད་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཀྲང་པིང་གིས་མཚམས་སྦྱོར་བྱས་ན། ཞིབ་འཇུག་འདིས་འཕེལ་རྒྱས་བཏང་བའི་ལག་རྩལ་སྒྲོམ་གཞི་ལ་ཀུན་སྤྱོད་རང་བཞིན་དང་སྤོར་འཛུགས་ཆོག་པའི་རང་བཞིན་ཅུང་ཆེན་པོ་ཡོད་པས། མ་འོངས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ཏེ“ཆུ་དང་འབྲེལ་བའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ”ལ་ལྟ་དཔྱད་ཚད་འཇལ་གྱི་གཞི་གྲངས་མཁོ་འདོན་བྱས་ཆོག་པར་མ་ཟད། ད་དུང་མཚེའུ་ཡི་ཆུའི་སྤུས་ཚད་དང་ཆུ་གནས་སྐྱེ་དངོས་ཚོགས་ཀྱི་ལྟ་དཔྱད་ཚད་ལེན་ལ་རྨང་གཞིའི་གཞི་གྲངས་དང་ཇུས་ཐག་གཅོད་པའི་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་ཀྱང་བྱས་ཆོག་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1