ཞི་ཅིན་ཕིང་གིས་ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐ་ལ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-22



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་ཕྱི་དྲོར་ཞལ་ཆད་བཞིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་ཝ་ཐ་ལ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཁོ་ཐེ་ཏི་ཝོར་ནི་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། ཕྱི་ལོ་ནི་ཀྲུང་ཁོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པས་ཕྱོགས་གཉིས་པོས་ཐུན་མོང་ཐོག་དྲན་གསོ་ཞུ་འོས་པ་ཞིག་ཡོད། ཁོ་ཐེ་ཏི་ཝོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་གི་ཡོད་ལ། ཁོ་ཐེ་ཏི་ཝོར་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་ཁོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་ལ་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཁོ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མདུན་ལམ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ཐེ་ཏི་ཝོར་ཕྱོགས་དང་མཉམ་དུ་ཁྱོན་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་། ཞིང་ལས་ཐོན་རྫས་ཉོ་ཚོང་བྱེད་རྒྱ་ཆེ་རུ་གཏོང་བ། ཆུ་འབྲས་དང་ཇ་ཁོ་ཁོ་སོགས་འདེབས་འཛུགས་དང་ལས་སྣོན་མཉམ་ལས་ལ་ཤུགས་སྣོན། ཁོ་ཐེ་ཏི་ཝོར་ཕྱོགས་ཀྱིས་ཇ་ཁོ་ཁོའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་སྐྲུན་འགན་ཁུར་བའི་འབྲེལ་ཡོད་རྣམ་གྲངས་གང་མགྱོགས་སྐྲུན་ཐུབ་པ་དང་འབྲེལ་ཕན་འབྲས་ཐོན་པའི་རེ་བ་ཡོད། ཀྲུང་གོའི་ཁེ་ལས་ཁོ་ཐེ་ཏི་ཝོར་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་སྐུལ་ལྕག་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་སུ་ཕྱོགས་གཉིས་པོའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ཐེ་ཏི་ཝོར་ཕྱོགས་ཀྱི་འཕེལ་རྒྱས་དང་བདེ་འཇགས་གལ་ཆེ་མཉམ་འཛིན་གྱི་སྲིད་འཛིན་འདུ་ཤེས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཁོ་ཐེ་ཏི་ཝོར་ཕྱོགས་དང་མཉམ་དུ་སྲིད་ཇུས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཁོ་ཐེ་ཏི་ཝོར་ཕྱོགས་ཀྱི་དགོས་མཁོ་གཞིར་བཟུང་མཉམ་ལས་བྱེད་པ་དང་འབྲེལ་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཟོལ་མེད་རྣམ་དག་གི་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་གྱི་ལྟ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ། བྱ་སྤྱོད་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་བྱ་སྤྱོད་འཆར་གཞི་མུ་མཐུད་དོན་འཁྱོལ་བྱས་ཏེ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ཐེ་ཏི་ཝོར་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།

        ཝ་ཐ་ལས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་སླར་ཡང་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། 2018ལོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་སྐབས་ང་ལ་བག་ཆགས་ཟབ་མོ་བྱུང་ལ། ཁོ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ཐེ་ཏི་ཝོར་ཚུད་པའི་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བདེ་འཇགས་སྲུང་སྐྱོང་དང་སྐུལ་འདེད་བཏང་བ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རྒྱབ་སྐྱོར་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁོ་ཐེ་ཏི་ཝོར་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1