མཚོ་བྱང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་བློ་ཞིབ་མོའི་སྒྲིག་འཛུགས་དང་ཇུས་འགོད། དྲ་ཚིགས་ལག་རྩལ་མི་སྣས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་ཐེམ་སྒོའི་དྲ་ཚིགས་ཟླ12པའི་ཆེས22ཉིན་དངོས་སུ་ཤར་གཏོང་བྱས་ཏེ་འཁོར་སྐྱོད་བྱས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་ཐེམ་སྒོའི་དྲ་ཚིགས་ཤར་གཏོང་བྱས་པ་དེས་མཚོ་བྱང་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་དང་གློག་རྡུལ་སྲིད་དོན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ། ཁུལ་མི་དམངས་སྲིད་གཞུང་གིས་རྒྱ་ཆེ་བའི་གཞི་རིམ་མང་ཚོགས་ལ་ཞབས་ཞུ་སྔར་བས་ལེགས་པོ་བསྒྲུབ་པར་ཐབས་ལམ་དང་སྤྱི་སྟེགས་ཤིག་གསར་སྣོན་བྱུང་ཡོད། ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ཡང་གང་ལེགས་སྒོས་མཚོན་ཡོད། དྲ་ཚིགས་ཀྱིས་ལེ་ཚན་བཀོད་སྒྲིག་དང་དྲ་ངོས་ཇུས་འགོད། བྱེད་ནུས་ཞིབ་འཇུག་གསར་སྤེལ་སོགས་ཐད་མཚོ་བྱང་ཁུལ་གྱི་སྤྱིའི་གནས་ཚུལ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་གོམས་སྲོལ། དེ་བཞིན་ད་ལྟའི་དུས་མཚམས་སུ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་ལ་བསམ་གཞིག་གང་ལེགས་བྱས་ནས། འབྱུང་འགྱུར་ལ་རྒྱང་ལྟ་དང་བཟང་ཐོག་ལ་རྒྱན་བྱས་ཏེ་ཇུས་འགོད་མཛེས་པ་དང་གྲུབ་ཆ་ཞིབ་ཚགས། བེད་སྤྱོད་སྟབས་བདེ་བཅས་ཡོང་བ་བྱས་ཡོད།
དྲ་ཚིགས་ལ་ཁྱོན་མདུན་ངོས་དང་། མགོ་ཁྲིད་སྒེའུ་ཁུང། ཆ་འཕྲིན་གསལ་སྒྲོག བསམ་ཚུལ་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས་སོགས་རིམ་པ་དང་པོའི་ལེ་ཚན་ཆེ་གྲས8དང་རིམ་པ་གཉིས་པའི་ལེ་ཚན33བཀོད་སྒྲིག་བྱས་ཡོད། དུས་མཚུངས་སུ་སྤོ་སྒུལ་མཐའ་སྣེAPPགསར་སྤེལ་བྱས་ཏེ་དྲ་ཚིགས་ཀྱི་གཞི་གྲངས་དང་དུས་མཉམ་བྱས་ཡོད་པས། རྒྱ་ཆེའི་དྲ་དམངས་ཀྱིས་ཁ་པར་ངོས་སུ་དྲ་ངོས་ལ་ལྟ་ཐུབ་པས་སྟབས་ཤིན་ཏུ་བདེ་པོ་ཡོད། ལེ་ཚན་གྱི་བཀོད་སྒྲིག་ལ་གཞིགས་ནས། ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་སྲིད་གཞུང་དང་སྲིད་གཞུང་གཞུང་ལས་ཁང་གི་ཞིང་འབྲེལ་དང་དམངས་ཕན་ཐད་ཀྱི་སྲིད་ཇུས་ཁྲིམས་སྲོལ་ཡིག་ཆ་འབོར་ཆེན་ཞིག་ཡིག་སྒྱུར་བྱས་པ་དང་། དག་སྣང་མཚོ་བྱང་དང་འབྲེལ་བའི་བརྙན་གཟུགས་རྒྱུ་ཆ་གྱ་ནོམ་པ་བསྡུ་རུབ་བྱས་ནས་དྲ་ཚིགས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་ཡོད།
མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་བོད་ཡིག་ཐེམ་སྒོའི་དྲ་ཚིགས་ཤར་གཏོང་བྱས་པ་དེས་ཁུལ་ཡོངས་ཀྱི་གཞི་རིམ་མང་ཚོགས་ལ་དུས་ཐོག་ཏུ་སྲིད་དོན་ཆ་འཕྲིན་མཁོ་འདོན་དང་། རིག་གནས་སློབ་གསོ་ཁྱབ་གདལ། ཚན་རྩལ་ཤེས་བྱ་ཁྱབ་སྒྲོག ཚན་རིག་སྙིང་སྟོབས་དར་སྤེལ། ཡ་རབས་སྲོལ་བཟང་ཡར་སྐུལ། “དག་སྣང་གི་མཚོ་བྱང”དྲིལ་སྒྲོག་བཅས་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་ཡིན།
དྲ་ཚིགས།⬇⬇⬇
http://my.haibei.gov.cn